[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱི་གསར་དུ་བརྩམས་པའི་མི་རིགས་གླུ་གར་འཁྲབ་ཚན་ཆེ་གྲས《ཐང་ག》ཞེས་པ་དངོས་སུ་ནང་སྦྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

     མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་གཙོ་གནད་གསར་རྩོམ་འཁྲབ་ཚན་དང་2016ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་སྟེ། གསར་དུ་བརྩམས་པའི་མི་རིགས་གླུ་གར་འཁྲབ་ཚན་ཆེ་གྲས《ཐང་ག》ཞེས་པ་དངོས་སུ་ནང་སྦྱོང་བྱེད་འགོ་ཚུགས་ཡོད། མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིས་ཇུས་འགོད་ཞིབ་ཚགས་བྱས་པ་དང་མཚོ་སྔོན་ཞིང་ཆེན་རིག་རྩལ་འཁྲབ་སྟོན་ཚོགས་པ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གླུ་གར་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་འཁྲབ་སྟོན་བྱ་རྒྱུའི《ཐང་ག》ཞེས་པ་དེ་སྔོན་དཔག་བྱས་ན་2017ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོའི་ཐོག་འཁྲབ་སྟོན་ཐོག་མ་བྱ་རྒྱུ་དང་དེ་རྗེས་པེ་ཅིང་པའོ་ལི་ཟློས་གར་ཁང་དུ་འཁྲབ་སྟོན་བྱ་རྒྱུ་རེད།

    《ཐང་ག》ཞེས་པ་དེ་ཐང་གའི་སྒྱུ་རྩལ་པས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱས་པའི་སྐོར་ཞིབ་པར་བཀོད་པའི་སྒྲུང་གཏམ་ཞིག་རེད། དེའི་ནང་གླུ་གར་འཁྲབ་ཚན་གྱི་སྒྱུ་རྩལ་རྣམ་པའི་ཐོག་ནས་གངས་ལྗོངས་ས་མཐོའི་རིག་གནས་གཅེས་ནོར་དར་སྤེལ་བཏང་ཡོད། ཐང་ག》ཞེས་པ་གསར་གཏོད་བྱེད་མཁན་མི་ཧྲག་པོ་ཡོད་དེ། སྐད་གྲགས་ཆེ་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་སྒྲིག་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་གདན་དྲངས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།