[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་འོད་ཤུགས་གློག་གཏོང་གི་སྒྲིག་སྦྱོར་འཕྲུལ་འཁོར་ཡོངས་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1000ལས་བརྒལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གསར་འགོད་པར་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་མཚོ་སྔོན་མཚོ་ལྷོ་ཀྲོའུ་ཉི་ནུས་སྣོད་བཅུད་གློག་གཏོང་ཐོན་ལས་གླིང་གི་ཀྲའོ་ཝ་100ཡི་ས་ངོས་འོད་ཤུགས་གློག་ཁང་གི་གློག་དྲ་སྦྲེལ་བས། ཀུང་སི་དེས་མ་འཇོག་གཉེར་སྐྱོང་བྱས་པའི་འོད་ཤུགས་གློག་གཏོང་གི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་ཁྲི་1002ཟིན་པ་དང་། དེ་མུ་མཐུད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཀྱི་ཡོད་པ་རེད།

    2010ལོར་འོད་ཤུགས་གློག་ཁང་དང་པོ་ཡིན་པའི་བོད་ལྗོངས་ཟངས་རི་འོད་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་ཚུན་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པས་འོད་ཤུགས་ཀྱི་བཟོ་སྐྲུན་དང་། འོད་ཤུགས་གློག་གཏོང་གི་ཐོན་ལས་སྦྲེལ་ཐག་ཞིབ་འཇུག་གསར་སྤེལ། ཐོན་སྐྱེད་དང་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་བ་རེད། ཟླ་བ་བརྒྱད་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གློག་ཤུགས་མ་འཇོག་གི་འོད་ཤུགས་ཐོན་ལས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་27ལ་ཁྱབ་པ་དང་འབྲེལ་རི་པིན་ལའང་བཏང་ནས་གོ་ལ་ཧྲིལ་པོའི་འོད་ཤུགས་གློག་ཁང་གཉེར་སྐྱོང་ཁང་ཆེ་ཤོས་ཡིན་པ་རེད།

    འདི་ལོའི་ཟླ་བ་དྲུག་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་མཚོ་སྔོན་གྱིས་རྒྱལ་ཡོངས་སུ་བསྟུད་མར་ཉིན་7དང་ཆུ་ཚོད་168ནང་དྭངས་གཙང་ནུས་རྒྱུའི་གློག་བཏང་བ་དང་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིས་གློག་ཚད་73%མཁོ་འདོན་བྱས་ཡོད།

    འོད་ཤུགས་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་རྒྱལ་ཁབ་གློག་ཤུགས་མ་འཇོག་གི་དྭངས་གཙང་ནུས་རྒྱུའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ལ་སྐུལ་མ་ཐེབས་ཡོད། མིག་སྔར་ཚོགས་པ་དེའི་དྭངས་གཙང་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་གཏོང་ཚད་དེ་ཆུ་གློག་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་གཏོང་ཚད་ལས་མང་བ་ཡོད་པ་དང་སྒྲིག་སྦྱོར་འཕྲུལ་འཁོར་ཡོངས་ཀྱི་གློག་གཏོང་ཚད་ཀྱི་44.34%ཟིན་ཏེ་གློག་གཏོང་ཚོགས་པ་ཆེ་གྲས་ལྔའི་ཨང་དང་པོ་ཡིན་པ་རེད། སྔོན་དཔག་བྱས་ན། 2020ལོར་སླེབས་སྐབས་རྒྱལ་ཁབ་གློག་ཤུགས་མ་འཇོག་འོད་ཤུགས་གློག་གཏོང་གི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1500ཟིན་རྒྱུ་དང་དྭངས་གཙང་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་50%ཟིན་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།