[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་དུ་ཞིང་ཆེན་གཞན་ནས་ནད་སྡོད་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པའི་ལས་དོན་ལམ་ལྷོངས་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

     ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་དུ་ཞིང་ཆེན་གཞན་ནས་ནད་སྡོད་སྨན་རིན་མཇུག་རྩིས་རྒྱག་པའི་ལས་འགན་ལེགས་གྲུབ་བྱུང་ཞིང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་རྒྱལ་ཡོངས་དང་དྲ་སྦྲེལ་མཐུད་པ་དང་ཞིང་ཆེན་གཞན་དུ་ནད་སྡོད་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པས། འགན་བཅོལ་ལ་ཞུགས་པའི་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ཚོའི“ཕར་རྒྱུག་ཚུར་རྒྱུག”དང“འགྲོ་གྲོན་སྔ་འདོན”གྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཅིང་། བྱ་སྤྱོད་དངོས་ཀྱིས་ཞིང་ཆེན་དེའི་མི་དམངས་ཡོངས་ལ་འདོད་བློ་ཚིམ་པའི་དམངས་འཚོའི་རྒྱུགས་ལན་ཞིག་ཕུལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་6པར། 《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་གཞན་ནས་ནད་སྡོད་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པའི“ཉིན་བརྒྱའི་འགག་སྒྲོལ”བྱ་སྤྱོད་ལག་བསྟར་ཇུས་གཞི》བཟོས་ནས། མི་སྣ་ཐོ་འགོད་སྙན་སེང་དང་། མ་ལག་སྦྲེལ་མཐུད། སྨན་རིན་སྔ་རྟིང་གཏོང་བ། སྤྱི་ཚོགས་འགན་བཅོལ་གཱ་རྒྱལ་ཡོངས་སུ་ཀུན་འཐུས་སོགས་ཀྱི་འགག་རྩའི་ལས་འགན་མངོན་གསལ་དོད་དུ་བཏང་བ་རེད། ཟླ་7ཚེས་18ཉིན་ཞིང་ཆེན་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་གཞན་ནས་ནད་སྡོད་སྨན་རིན་མཇུག་རྩིས་རྒྱག་པའི་མ་ལག་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་ནད་སྡོད་སྨན་རིན་མཇུག་རྩིས་མ་ལག་དང་སྦྲེལ་མཐུད་བྱེད་པའི་ལས་དོན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་དང་། ཟླ་9ཚེས་5ཉིན“ཕྱོགས་ཡོངས་གཉིས”ཏེ། སྨན་བཅོས་འགན་བཅོལ་ལས་སྒོའི་མ་ལག་ཕྱོགས་ཡོངས་ནས་སྒྱུར་བཀོད་དང་འབྲེལ་མཚོ་སྔོན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་གཞན་ནས་ནད་སྡོད་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པའི་མ་ལག་སྐྲུན་ཐུབ་པ་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར(རང་སྐྱོང་ལྗོངས)30དང་དེ་བཞིན་ཤིན་ཅང་པིང་ཐོན་བཅས་ཀྱི་ཡུལ་གཞན་དུ་ནད་སྡོད་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པའི་ལས་དོན་སྤེལ་རྒྱུ་ལམ་ལྷོངས་བྱུང་བ་དང་། “ཁྱོན་ཡོངས་ལ་ཁྱབ་པ་གཉིས”ཏེ། ཞིང་ཆེན་དེའི་རིམ་གཉིས་དང་དེ་ཡན་གྱི་སྨན་བཅོས་སྒྲིག་གཞི་120ཚང་མར་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་ནད་སྡོད་སྨན་རིན་མཇུག་རྩིས་རྒྱག་པའི་མ་ལག་མཐུད་རྒྱུ་དང་། ཐོ་འགོད་སྙན་སེང་ཁྱབ་ཁོངས་ནི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་ལས་འཁྱུར་མི་སྣ་དང་། ཡུལ་གཞན་དུ་ཡུན་རིང་གནས་བཅས་མི་སྣ། ཡུལ་གཞན་དུ་རྒྱུན་སྡོད་ལས་དོན་མི་སྣ་དང་དེ་བཞིན་ཡུལ་གཞན་དུ་སྨན་ཁང་བསྒྱུར་བའི་ནད་པ་བཅས་ལ་ཁྱབ་པ་བྱ་རྒྱུ་ལམ་ལྷོངས་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།