[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་བྱ་གཞག་ཚན་པའི་མི་སྣར་གནས་སྦྱར་སོགས་རྣམ་པ་བརྒྱུད་གསར་གཏོད་ལས་གཏོད་ལ་བསྔགས་སྐུལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-01

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་མཚོ་སྔོན་གྱིས་སྲིད་ཇུས་གསར་པ་བཏོན་ཏེ་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣར་གནས་སྦྱར་དང་། རྣམ་གྲངས་མཉམ་ལས་ལ་ཞུགས་པ། ལས་གནས་ལས་བྲལ་ཏེ་ལས་གཏོད་སོགས་རྣམ་པ་བརྒྱུད་ཚན་རྩལ་རང་བཞིན་གྱི་ཁེ་ལས་གཉེར་བའམ་ཡང་ན་ཁེ་ལས་སུ་གསར་གཏོད་ལས་གཏོད་ལས་དོན་སྤེལ་རྒྱུའི་བསྔགས་སྐུལ་བྱས་པ་རེད།

    མཚོ་སྔོན་ནི་ནུབ་རྒྱུད་ཀྱི་འཕེལ་རྒྱས་འགོར་བའི་ས་ཁུལ་དུ་གནས་པས་ལག་རྩལ་དང་ཤེས་ལྡན་པ་དཀོན་པ་དང་། གསར་གཏོད་ཀྱི་ཆུ་ཚད་དང་ལས་གཏོད་ཀྱི་རིམ་པ་ཡོངས་ཁྱབ་ཏུ་དམའ་བ། གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་འཇོན་ཐང་ཅུང་ཞན་པ། གསོན་ཤུགས་མི་འདང་བ་བཅས་ཡོད། དེས་ན་ཉེ་ཆར་མཚོ་སྔོན་གྱིས《བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣར་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་དང་བསྔགས་སྐུལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ཏེ། མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་དང་སུའོ་སོགས་ཚན་རིག་ཞིབ་འཇུག་གི་གསར་གཏོད་ལས་ཀ་བྱེད་མཁན་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣར་གནས་སྦྱར་དང་། རྣམ་གྲངས་མཉམ་ལས་ལ་ཞུགས་པ། ལས་འགན་གཅིག་ལྕོགས་འཁུར་བ། ལས་ཐོག་ཁེ་ལས་གཉེར་བ། ལས་གནས་ལས་བྲལ་ཏེ་ལས་གཏོད་སོགས་ཀྱི་རྣམ་པ་བརྒྱུད་ཁེ་ལས་སུ་གསར་གཏོད་ལས་གཏོད་ལས་དོན་སྤེལ་བའམ་ཡང་ན་ཁེ་ལས་གཉེར་རྒྱུའི་རྒྱབ་སྐྱོར་དང་བསྔགས་སྐུལ་བྱས་པ་རེད།

    བསམ་འཆར་ནང་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་དང་སུའོ་ཕུད་པའི་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣས་གསར་གཏོད་ལས་གཏོད་བྱེད་ཐབས་མི་འདྲ་བའི་བླང་བྱ་དང་མཐུན་ཚེ་འདུན་ཞུ་བྱ་ཆོག་པ་དང་བྱ་གཞག་ཚན་པའི་ནང་འགོ་ཁྲིད་ཀྱི་འགན་འཁུར་མཁན་གྱིས་འགོ་ཁྲིད་ཀྱི་ལས་གནས་ལས་དགོངས་པ་ཞུས་རྗེས་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་གཞིར་བཟུང་ལས་གནས་ལས་བྲལ་ཏེ་ལས་གཏོད་བྱ་ཆོག་པ་བསྟན་ཡོད།

    བསམ་འཆར་ནང་གནས་སྦྱར་དང་། རྣམ་གྲངས་མཉམ་ལས་ལ་ཞུགས་པ། ལས་འགན་གཅིག་ལྕོགས་འཁུར་བ་སོགས་ཀྱི་བྱེད་ཐབས་སྤྱད་པའི་རིགས། སྐྱོད་སའི་ཁེ་ལས་དེ་བྱ་གཞག་ཚན་པའི་ལས་སྒོའི་ཁྱབ་ཁོངས་དང་འདྲ་པོ་ཡོད་དགོས་པ་དང་། ལས་ཐོག་ཁེ་ལས་གཉེར་བའི་རིགས། ལས་གཏོད་རྣམ་གྲངས་དེ་ངེས་པར་དུ་རང་ཉིད་ཀྱིས་བྱ་གཞག་ཚན་པར་སྒྲུབ་པའི་ཆེད་ལས་དང་འབྲེལ་བ་ཡོད་དགོས་པ། ལས་གནས་ལས་བྲལ་ཏེ་ལས་གཏོད་བྱེད་པའི་རིགས། ངེས་པར་དུ་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་དང་གྲུབ་འབྲས་ནས་ཚན་རྩལ་རང་བཞིན་གྱི་ཁེ་ལས་གཉེར་བའམ་ཡང་ན་ཁེ་ལས་སུ་གསར་གཏོད་ལས་དོན་སྤེལ་བར་སྐྱོད་དགོས་ཞེས་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།