[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཨའར་ཅིང་ཧྲན་རི་བོར་དཔྱིད་དཔལ་རབ་ཏུ་བཞད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    ཟླ་བཞི་པར་ཤིང་ཅང་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ཨའར་ཅིང་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་བ་དང་བསྟུན་ནས་རྐྱང་དང་། འབྲོང་། གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་དང་ཁྱུའི་འགུལ་སྐྱོད་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ལ། ཁྲུང་ཁྲུང་སྐེ་ནག་སོགས་དུས་བྱའང་བྱང་ཕྱོགས་སུ་ཕྱིར་ལོག་བྱེད་བཞིན་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4580དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4.5ལྷག་ཙམ་ཟིན་པའི་སྲུང་སྐྱོང་ཁུལ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་བཞིན་ཡོད།

    500812_yis_1523510356341_s.jpg

    འདི་ནི་ཨའར་ཅིང་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་དབྱི་ཤེ་ཁུ་ཕ་ཐེའི་མཚོ་འགྲམ་དུ་ཅི་དགར་རོལ་བའི་རྐྱང་གི་ཁྱུ་ཚོགས་ཡིན་པ།

    500811_yis_1523510355561_s.jpg

    འདི་ནི་ཨའར་ཅིང་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་ཁོ་མུའུ་ཁོ་ལེ་བྱེ་ཐང་ཐོག་སྐྱོད་བཞིན་པའི་འབྲོང་ཡིན་པ།

    500810_yis_1523510353799_s.jpg

    འདི་ནི་ཨའར་ཅིང་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།