[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ས་མཐོར་གསོ་རླུང་ཉུང་རྐྱེན་ཐ་མག་འཐེན་ན་སྙིང་དང་ཁྲག་རྩའི་ནད་ཕོག་སླ་པོ་ཡོད་པ།

    ཉེ་དུས། མཚོ་སྔོན་ཞིང་ཆེན་གྱི་སྙིང་ཀླད་ཁྲག་རྩའི་ནད་ཆེད་བཅོས་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་ཐ་མག་འཐེན་པ་དང་ཉེ་འགྲམ་གྱི་མིའི་ཐ་མག་གི་དུ་བ་ཁ་ལ་འཛུལ་བ་ནི་སྙིང་

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། མཚོ་སྔོན་ཞིང་ཆེན་གྱི་སྙིང་ཀླད་ཁྲག་རྩའི་ནད་ཆེད་བཅོས་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་ཐ་མག་འཐེན་པ་དང་ཉེ་འགྲམ་གྱི་མིའི་ཐ་མག་གི་དུ་བ་ཁ་ལ་འཛུལ་བ་ནི་སྙིང་དང་ཁྲག་རྩའི་ནད་ཐོན་པའི་རྒྱུ་རྐྱེན་གཙོ་བོའི་གྲལ་དུ་གྱུར་ཡོད། ལྷག་པར་དུ་ས་མཐོའི་གསོ་རླུང་དཀོན་པའི་ཁོར་ཡུག་ཏུ་ཐ་མག་འཐེན་ཚེ་སྙིང་དང་ཁྲག་རྩའི་ནད་ཐོན་སླ་པོ་ཡོད་ཅེས་བཤད།

    ཝང་ཞའོ་ཀྲོའུ་ཡིས་མི་མང་པོ་ཞིག་གིས“ཐ་མག་འཐེན་པ་ནི་སྙིང་དང་ཁྲག་རྩའི་ནད་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར”རྒྱུས་མངའ་དེ་ཙམ་མེད། དོན་དངོས་སུ་ཐ་མག་འཐེན་པས་སྙིང་དང་ཁྲག་རྩར་གནོད་སྐྱོན་བཟོས་ཏེ་སྙིང་གཟེར་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། ཉིན་རེར་ཐ་མག་རྐང་རེ་འཐེན་ནའང་། སྐྱེས་པར་སྙིང་གཟེར་ནད་ཕོག་པའི་ཉེན་ཁ་74%དང་བུད་མེད་ལ་119%ཆེ་རུ་འགྲོ་ཡི་ཡོད་ཅེས་བཤད།

    “ཆ་རྐྱེན་གཅིག་མཚུངས་འོག་ཏུ་གསོ་རླུང་ཉུང་བའི་ས་མཐོར་ཐ་མག་འཐེན་པ་དེས་སྙིང་དང་གློ་བར་གནོད་འཚེ་ཆེན་པོ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་སྙིང་ཀླད་ཁྲག་རྩའི་ནད་ཆེད་བཅོས་སྨན་ཁང་གི་དབུགས་ལམ་སྡེ་ཚན་གྱི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཝང་ཆང་གིས་མཚོ་བོད་ས་མཐོ་ནི་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། གསོ་རླུང་དཀོན་པར་བརྟེན་ཐ་མག་གི་དབྱང་གཅིག་ཐཱན་འགྱུར་གྱིས་ཁྲག་རྒྱུན་གྱི་གསོ་རླུང་མངོན་གསལ་གྱིས་ཉུང་དུ་སོང་ནས་སྙིང་གཟེར་གྱི་ནད་དང་། གློ་བྲུངས་རང་བཞིན་གྱི་སྙིང་ནད། ཁྲག་ཤེད་མཐོ་བའི་ནད་སོགས་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།