[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཚོད་ལྟའི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    ཞིང་པའི་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་མཚོ་སྔོན་ཞིང་ཨུད་གྲོང་གསེབ་དང་འབྲོག་ཁུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས་མཉམ་དུ《2018ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དཔེ་སྟོན་ཚོད་ལྟའི་བྱ་སྤྱོད་འཆར་གཞིའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་དཔེ་སྟོན་ཚོད་ལྟའི་གྲོང་ཚོ་20དང་། གཞུང་ཁོངས་ཞིང་འབྲོག་ར་བ་2 སྔོན་སྐྱོད་དཔེ་སྟོན་གྲོང་ཚོ་5བཅས་སུ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དཔེ་སྟོན་ཚོད་ལྟའི་བྱ་སྤྱོད་སྤེལ་རྒྱུའི་གཏན་འཁེལ་བྱས་པའི་དམིགས་ཡུལ་ནི་ཉམས་མྱོང་གསོག་པ་དང་། མིག་དཔེ་འདོན་པ། དཔེ་སྟོན་མཁོ་འདོན་བཅས་བྱས་ཏེ་ལད་མོ་ཆོག་པའི་ཉམས་མྱོང་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་སྟོན་ཚོད་ལྟའི་ཐད་གཙོ་གནད་ཐོག“ཐོན་ལས་དར་རྒྱས་དང་། སྣོད་བཅུད་དར་རྒྱས། རིག་གནས་དར་རྒྱས། ཤེས་ལྡན་མི་སྣ་དར་རྒྱས། རྩ་འཛུགས་དར་རྒྱས”བཅས་ཀྱི་འདུ་འགོད་ཆེན་པོ་ལྔར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལྗང་མདོག་ཐོན་སྐྱེད་བྱེད་ཐབས་རྩ་བའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཤེས་དཔལ་ལྡན་པའི་གྲོང་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་ཀྱི་དམངས་སྲོལ་བཅས་ཆགས་པ་བྱ་རྒྱུ། རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་བཅས་ཟུང་འབྲེལ་གྱི་གྲོང་གསེབ་བཅོས་སྒྲིག་མ་ལག་ཆགས་པ་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། སྤྱི་པའི་ཞབས་ཞུ་ནུས་ལྡན་བཅས་ཡོང་བ་བྱས་ཏེ་གྲོང་གསེབ་ཏུ་ཐོན་ལས་སྟོབས་ཆེན་དང་། གྲོང་མི་ཕྱུག་པོ། གྲོང་ཚོའི་རྣམ་པ་མཛེས་སྡུག་བཅས་ཀྱི་རྣམ་པ་གསར་པ་མངོན་པ་བྱ་རྒྱུ་རེད།

    《ཇུས་གཞིའི》ནང་ནོར་སྲིད་གྱི་ཆེད་དོན་དང་། ཞིང་ལས་ཕྱོགས་བསྡུས་གསར་སྤེལ། དོན་རེ་གྲོས་རེ་བཅས་ཀྱི་མ་དངུལ་ལུགས་མཐུན་སྤྱི་འདོམས་ཀྱིས་ཡག་པོ་སྤྱད་ནས་དཔེ་སྟོན་ཚོད་ལྟའི་གྲོང་ཚོར་མ་དངུལ་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག ཞིང་ཆེན་རིམ་པའི་ལས་རིགས་སྡེ་ཚན་གྱིས་དར་རྒྱས་ཀྱི་བླང་བྱ་ལྔ་དང་ཟུང་འབྲེལ་བྱས་ཏེ་རྣམ་གྲངས་ཀྱི་མ་དངུལ་བཀོད་སྒྲིག་ཐད་གཟིགས་སྐྱོང་བྱས་ཏེ་མཉམ་ཤུགས་འགན་ལེན་དང་ཐུན་མོང་སྐུལ་འདེད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།