[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སི་ཁྲོན་ལི་ཐང་རྫོང་གི་ས་མཐོའི་སྣོད་བཅུད་ལ་ཕུག་ལ་ཐོན་འབབ་ཡག་པོ་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    550051_yis_1536811783532_s.jpg

    2018ལོའི་ཟླ་9ཚེས་12ཉིན་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཟིན་པའི་སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་ཚོ་གསུམ་གྱི་མུའུ་ཁྲིའི་སྣོད་བཅུད་ལ་ཕུག་འདེབས་འཛུགས་རྟེན་གཞིར་ཤང་ཀང་དང་ཨའོ་མོན་ལ་ཐད་འཚོང་བྱེད་པའི་ས་མཐོའི་སྣོད་བཅུད་ལ་ཕུག་ལ་ཐོན་འབབ་ཡག་པོ་བྱུང་བ་དང་། མུའུ་རེའི་ཐོན་ཚད་སྤྱི་རྒྱ་ཁྲི་1ཟིན་གྱི་ཡོད། ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ཡུལ་དེའི་མང་ཚོགས་100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལ་ཕུག་འཐུ་བ་དང་། ལ་ཕུག་འཁྲུ་བ། རྩ་རས་ནང་བླུགས་པ། གྲང་ཉར་སོགས་ཀྱི་ཐོན་སྐྱེད་ལས་སྣོན་བྱས་ནས་ཉིན་ལྟར་ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་ཏུན་200ཙམ་དབོར་གྱི་ཡོད།

    སི་ཁྲོན་ནུབ་རྒྱུད་དུ་གནས་པའི་ས་མཐོའི་བོད་རིགས་ས་ཁུལ་ལི་ཐང་རྫོང་ལ་ཤིན་ཏུ་གཙང་བའི་མཁའ་རླུང་དང་། སྦགས་བཙོག་མེད་པའི་ས་རྒྱུ། དྭངས་གཙང་གི་ཆུ་ཁུངས། རབ་ཏུ་འཚེར་བའི་ཉི་འོད་བཅས་ཡོད་པས་སྐྱེ་ལྡན་རང་བྱུང་གི་དུས་ཚིགས་ལྡོག་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། ད་ཕན་ལོ་ཤས་རིང་ལི་ཐང་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས“མཐའ་སྣེའི་སྔོ་ཚལ་དང་ཤིང་འབྲས”འདེབས་གསོ་ཧུར་ཐག་བྱས་ཏེ་སྔོ་ཚལ་ཤང་ཀང་དང་ཨའོ་མོན་ལ་ཐད་འཚོང་བྱེད་པའི་རྟེན་གཞིའི་ཚོད་ལྟའི་འཛུགས་སྐྲུན་རྫོང་ཧུར་ཐག་བཏོད་དེ་སྣོད་བཅུད་ཞིང་ལས་ལ་བརྟེན་ནས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རོགས་བྱས་ཡོད།

    འདི་ནི་ཟླ་9ཚེས་12ཉིན་ཡུལ་དེའི་མང་ཚོགས་ཀྱིས་ལ་ཕུག་འཐུ་བ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།