[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • 2018ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་འཁྱག་ལྡིར་མཁས་ཅན་འགྲན་བསྡུར་འགོ་ཚུགས་ཉེར་ཡོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2018ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་འཁྱག་ལྡིར་མཁས་ཅན་འགྲན་བསྡུར་ཚེས་14ནས་19ཉིན་བར་མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་སྦྱོང་བརྡར་རྟེན་གཞིར་གཉེར་རྒྱུ་ཡིན་ཞིང་། སྐབས་དེ་དུས་ཀྲུང་གོ་དང་། ཁ་ན་ཏ། ཨ་རི། སུ་ཀེ་ལན། ཨུ་རུ་སུ། ཅེ་ཁེ། སུའེ་ཏན། སུའེ་ཙེར། ཧྥིན་ལན་བཅས་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་འཁྱག་ལྡིར་དཔུང་ཁག་18ཀྱིས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    “དེ་སྔ་དང་བསྡུར་ན། སྐབས་འདིའི་འགྲན་བསྡུར་ནི་འཛམ་གླིང་གི་འཁྱག་ལྡིར་སྐོར་སྐྱོད་འགྲན་བསྡུར་ཡིན་པའི་ངོས་ནས་འགྲན་སྲོལ་དང་། འགྲན་ཞུགས་དཔུང་ཁག ཤན་འབྱེད་པ། འཁྱག་བཟོ་སོགས་ཐད་ཆེད་ལས་རང་བཞིན་སྔར་བས་ལྡན་ཞིང་། ཡིན་པས་རྒྱལ་སྤྱིའི་འཁྱག་ལྡིར་འགྲན་བསྡུར་གྱི་ཚད་གཞི་དང་ཡང་དེ་བས་མཐུན་པ་ཡོད། འདི་ལོའི་འགྲན་ཞུགས་དཔུང་ཁག་གཙོ་བོ་ཆེད་ལས་དཔུང་ཁག་ཡིན་པས་རྩལ་འགྲན་ཆུ་ཚད་མཐོ་པོ་ལྡན་པ་མ་ཟད་རྒྱལ་སྤྱིའི་འཁྱག་ལྡིར་འགྲན་བསྡུར་གྱི་འགྲན་སྲོལ་གསར་ཤོས་སྤྱོད་རྒྱུ་ཡིན་ཞིང་། དེ་སྔ་འགྲན་ཐེངས་རེར་རེས་སྐོར་10རྒྱག་པ་ནས་རེས་སྐོར་8བར་ལེགས་སྒྲིག་བྱས་ཏེ་རྒྱལ་སྤྱིའི་ཚད་གཞི་དང་འཚམ་པར་བྱས་ཡོད”ཅེས་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་གི་འགན་འཁུར་བ་ལིའུ་ཤིང་ཧའེ་ཡིས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།