[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རྒྱལ་ཟླའི་ཚེས་བརྒྱད་དུས་ཆེན་གྱི་འབྲས་ཐུག་བཏུངས་ནས་རྒྱ་བོད་མི་རིགས་ཀྱི་བརྩེ་སེམས་ཟབ་མོ་མཚོན་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-09

    583790_yis_1546917544598.jpg

    འདི་ནི་ཟླ་1ཚེས་6ཉིན་ཧོ་ཧྥེ་གྲོང་ཁྱེར་གྱི་སློབ་འབྲིང་35པར་དང་བླངས་པས་བོད་ལྗོངས་འཛིན་གྲྭའི་ཕྲུ་གུ་ཚོར་རྒྱལ་ཟླའི་ཚེས་བརྒྱད་ཀྱི་ཐུག་པ་སྟེར་བཞིན་པ།

    583789_yis_1546917543787.jpg

     འདི་ནི་ཟླ་1ཚེས་6ཉིན་ཧོ་ཧྥེ་གྲོང་ཁྱེར་གྱི་སློབ་འབྲིང་35པའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོས་ཚ་སོབ་སོབ་ཀྱི་རྒྱལ་ཟླའི་ཚེས་བརྒྱད་ཀྱི་འབྲས་ཐུག་བཏུངས་ནས་སྲོལ་རྒྱུན་གྱི་མི་རིགས་དུས་ཆེན་རྒྱལ་ཟླའི་ཚེས་བརྒྱད་བསུ་བའི་གནས་ཚུལ་ཡིན་པ།

    ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ཧོ་ཧྥེ་གྲོང་ཁྱེར་ཏེང་ཏན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། བྱེད་སྒོའི་འགན་འཁུར་མི་སྣས་རྒྱལ་ཟླའི་ཚེས་བརྒྱད་ཀྱི་འབྲས་ཐུག་འཐུང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ཡིན་པ་དང་བོད་རིགས་སློབ་མས་དེ་ཙམ་ཤེས་ཀྱི་མེད། རྒྱལ་ཟླའི་ཚེས་བརྒྱད་ཀྱི་དུས་ཆེན་འཆར་ཉེན་འཚམས་སུ་ཁོང་ཚོར་རྒྱལ་ཟླའི་ཚེས་བརྒྱད་ཀྱི་འབྲས་ཐུག་སྟེར་བ་དེས་གཅིག་ནས་ཁོང་ཚོར་དུས་ཆེན་གྱི་དྲོ་སྐྱིད་ཚོར་བར་བྱས་ཏེ་རྒྱལ་ཟླའི་ཚེས་བརྒྱད་ཀྱི་དུས་ཆེན་ནི་དུས་ཆེན་གལ་ཆེན་ཞིག་ཡིན་པ་ཤེས་སུ་བཅུག་པ་དང་། གཉིས་ནས་མི་རིགས་མཉམ་འདྲེས་དང་རྒྱ་བོད་མི་རིགས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་དུང་ཟབ་མོ་མཚོན་ཆེད་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།