[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • “མཚོ་སྔོན་གྱི་ལོ་གསར། མཛེས་པའི་མཚོ་ཤར”གྱི་བྱེད་སྒོས་ལོ་གསར་གྱི་རྣམ་པ་ཟབ་མོ་བཏོད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-10

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི‘མཚོ་སྔོན་གྱི་ལོ་གསར། མཛེས་པའི་མཚོ་ཤར’གྱི་སྤུས་རྟགས་གཏོད་རྒྱུ་དང་། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བས་མཚོ་ཤར་གྱི་གྲོང་གསེབ་ཏུ་ལོ་གསར་གཏོང་བར་ཡོང་རྒྱུའི་ཡིད་དབང་བཀུག་ནས་རྨ་ཆུ་དང་ཙོང་ཆུའི་དམངས་སྲོལ་རིག་གནས་མྱོང་རོལ་དང་། མི་རིགས་ཀྱི་ཁྱད་ལྡན་ཞིམ་ཟས་ཀྱི་བྲོ་བ་མྱོང་བ། ས་གནས་ཀྱི་ཁྱད་ལྡན་ལོ་གསར་གྱི་མཁོ་ཆས་ཉོ་བ། ཕ་ཡུལ་གྱི་ལོ་གསར་གྱི་རྣམ་པ་ཉམས་ལེན་བཅས་བྱེད་དུ་འཇུག་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་200ལྷག་ཙམ་གྱི་ཡིད་དབང་འགུག་རྒྱུ་དང་ཚོང་གཉེར་གྱི་ཡོང་འབབ་སྒོར་དུང་ཕྱུར་10ཡན་ཟིན་རྒྱུ་རེད”ཅེས་ཟླ་1ཚེས་8ཉིན་མཚོ་ཤར་གྲོང་ཁྱེར་དུ་འཚོགས་པའི་2019ལོའི་དུས་ཆེན་གཉིས་རིང་གི“མཚོ་སྔོན་གྱི་ལོ་གསར། མཛེས་པའི་མཚོ་ཤར”གྱི་རིམ་སྤེལ་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཡོན་པོ་ཡིས་བཤད།

    2019ལོའི་དུས་ཆེན་གཉིས་རིང་། ཀྲུང་གུང་མཚོ་ཤར་གྲོང་ཨུད་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། མཚོ་ཤར་རྨ་ཆུ་དང་ཙོང་ཆུའི་ཁུལ་གསར་དོ་དམ་ཨུ་ལྷན་དང་མཚོ་ཤར་གྱི་རྫོང་དང་ཆུས་ཁག་གི་མི་དམངས་སྲིད་གཞུང་དང་མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གཉེར་འགན་འཁུར་ནས་གཉེར་བའི་2019ལོའི“མཚོ་སྔོན་གྱི་ལོ་གསར། མཛེས་པའི་མཚོ་ཤར”གྱི་རིམ་སྤེལ་བྱེད་སྒོ་ཟླ་1ཚེས་13ཉིན་ནས་ཟླ་3ཚེས་8ཉིན་བར་མཚོ་ཤར་གྱི་ས་ཁུལ་ཁག་ཏུ་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད། མང་ཚོགས་རང་བཞིན་དང་། མི་རིགས་རང་བཞིན། སྒྱུ་རྩལ་རང་བཞིན། མཉམ་འདྲེས་རང་བཞིན་བཅས་ཕྱོགས་བཞི་ཡི་ཐོག་ནས“མཚོ་ཤར་གྲོང་གསེབ་ཀྱི་ལོ་གསར”གྱི་ཡིད་དབང་འཕྲོག་ཤུགས་གཅིག་སྡུད་ཐོག་མངོན་པར་བྱས་ཏེ། མཚོ་ཤར་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཀྱི་སྤུས་རྟགས་གཏོད་དེ“མཛེས་སྡུག་ལྡན་པའི་ཕ་ཡུལ་དང་ཡིད་དུ་འོང་བའི་མཚོ་ཤར”གྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྙན་གྲགས་ཆེ་རུ་བཏང་ཡོད།

    “མཚོ་སྔོན་གྱི་ལོ་གསར། མཛེས་པའི་མཚོ་ཤར”གྱི་བྱེད་སྒོ་སྤེལ་བ་བརྒྱུད། མཚོ་ཤར་གྲོང་ཁྱེར་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་ཟི་ལིང་དང་ལན་ཀྲོའུ་སོགས་མཐའ་འཁོར་ས་ཁུལ་གྱི་མང་ཚོགས་མཚོ་ཤར་དུ་ལོ་གསར་གཏོང་བར་ཡོང་རྒྱུའི་ཡིད་དབང་འགུག་པ་དང་། རིག་གནས་ལ་བརྟེན་ནས་ཡིད་དབང་འགུགས་པ། ཉོ་ཚོང་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“མཛེས་སྡུག་ལྡན་པའི་ཕ་ཡུལ་དང་ཡིད་དུ་འོང་བའི་མཚོ་ཤར”གྱི་རིག་གནས་ཀྱི་སྤུས་རྟགས་འོས་སྦྱོར་བྱས་ཡོད། དེ་དང་དུས་མཚུངས་སྐྱོན་བྲལ་ཡ་རབས་ཀྱི་དར་སྲོལ་གསར་པར་མཛུབ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་བཏང་སྟེ་མཚོ་ཤར་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་བྱེད་སྒོར་རོགས་སྐྱོར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།