[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་ལོ་རེའི་ཟླ་བཞི་པ་དང་བཅུ་པ“ཚོགས་འདུ་མེད་པའི་ཟླ་བ”ཡིན་པས་ཞིང་ཆེན་ཡོངས་རང་བཞིན་གྱི་ཚོགས་འདུ་རྩ་དོན་ཐོག་བཀོད་སྒྲིག་བྱ་རྒྱུ་མིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-14

     ཉིན་ཤས་གོང་། མཚོ་སྔོན་ཞིང་ཨུད་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་ཁག་གཅིག》བཟོས་ནས་བཏོན་པའི་ནང་། ཟླ་རེའི་གཟའ་འཁོར་དང་པོ“ཚོགས་འདུ་མེད་པའི་གཟའ་འཁོར”དང་ལོ་རེའི་ཟླ་བཞི་པ་དང་བཅུ་པ“ཚོགས་འདུ་མེད་པའི་ཟླ་བར”གཏན་འཁེལ་ཁ་གསལ་བྱས་ཡོད་པ་རེད། “ཚོགས་འདུ་མེད་པའི་གཟའ་འཁོར”དང“ཚོགས་འདུ་མེད་པའི་ཟླ་བའི”ནང་། ཞིང་ཆེན་ཡོངས་རང་བཞིན་གྱི་ཚོགས་འདུ་རྩ་དོན་ཐོག་བཀོད་སྒྲིག་མི་བྱེད་པར་རིགས་ཁག་གི་ཚོགས་འདུ་དང་བྱེད་སྒོ་ཁུ་བསྡུས་སུ་བཏང་ནས་ཚོགས་འདུ་དང་བྱེད་སྒོའི་སྤུས་ཚད་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    ཚོགས་འདུ་ཉུང་ཙམ་ཚོགས་པ་དང་། ཚོགས་འདུ་ཐུང་ཙམ་ཚོགས་པ། གོ་ཆོད་པའི་ཚོགས་འདུ་ཚོགས་པ་བཅས་ཀྱི་གཏན་འཁེལ་བྱས་ཡོད། གོང་རིམ་གྱི་ཚོགས་འདུ་རྩ་དོན་ཐོག་རིམ་པ་འོག་མའི་བར་དུ་འཚོག་རྒྱུ་དང་། ཆོག་མཆན་ཐོབ་པ་བརྒྱུད་རྫོང་རིམ་པ་བར་དུ་འཚོག་རྒྱུའི་ཚོགས་འདུ་ཚང་མ་རིམ་པ་བཞིན་དུ་མི་འཚོག་རྒྱུ་དང་། བརྙན་འཕྲིན་ཁ་པར་དང་དྲ་རྒྱ་བརྙན་ལམ་སོགས་དེང་རབས་སྨྱན་སྦྱོར་དང་ས་གནས་ས་ཐོག་ནས་གཞུང་ལས་སྒྲུབ་པའི་རྣམ་པའི་ཐོག་ནས་ཚོགས་འདུ་འཚོག་རྒྱུ་དར་སྤེལ་བཏང་སྟེ། ཟླ་སྒྲིལ་གཏོང་ཐུབ་རིགས་སྤྱི་འདོམས་ཟླ་སྒྲིལ་བཏང་ནས་འཚོག་རྒྱུ་དང་། བརྙན་ལམ་བརྒྱུད་དེ་ཚོགས་ཐུབ་རིགས་ཚང་མ་གནས་གཅིག་ཏུ་བསྐོངས་ནས་མི་འཚོག་རྒྱུ། ཚོགས་འདུའི་དངོས་ཕན་ཆེ་རུ་བཏང་ནས་ཡིག་ཆ་སྒྲོག་སྦྱངས་ཙམ་དང་རྣམ་འགྱུར་མཚོན་པ་ཙམ་མི་བྱ་རྒྱུ་དང་། དོན་ཚན་གཅིག་ལ་གྲོས་ཐག་མ་ཆོད་པར་གྲོས་བསྡུར་ཡང་ཡང་བྱེད་པའི་སྣང་ཚུལ་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ཡིན་པ་རེད།

    དེ་དང་ཆབས་ཅིག ཚོགས་འདུའི་རིམ་པ་རང་དགར་མཐོ་རུ་དང་གཞི་ཁྱོན་རང་དགར་ཆེ་རུ་གཏོང་རྒྱུ་གཏན་འགོག་དང་ཚོགས་འདུར་ཞུགས་རོགས་བྱེད་མཁན་ཉུང་དུ་གཏོང་རྒྱུ་ཡིན་པ་རེད། ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲེང་ཀྲང་གིས་བསྐོངས་པའི་ཚོགས་འདུ་དང་བྱེད་སྒོའི་རིགས་ཕུད་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས་རྒྱུར་གདན་ཞུ་མི་བྱ་རྒྱུ། ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱིས་བསྐོངས་པའི་རྒྱུན་སྲོལ་རང་བཞིན་གྱི་ཚོགས་འདུ་དང་བྱེད་སྒོའི་ཐོག་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་མཆན་འགོད་མཛུབ་ཁྲིད་ལ་གདན་ཞུ་མི་བྱ་རྒྱུ་དང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཚོགས་འདུར་གདན་ཞུ་མི་བྱ་རྒྱུ། ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པའི་ཞིང་ཆེན་ཡོངས་རང་བཞིན་གྱི་ཚོགས་འདུའམ་བྱེད་སྒོར་གལ་སྲིད་དགོས་གལ་བྱུང་ཚེ་ཞིང་ཆེན་རིམ་པའི་ལས་བགོས་འགན་འཁུར་འགོ་ཁྲིད་མ་གཏོགས་བཀོད་སྒྲིག་མི་བྱ་རྒྱུ་བཅས་ཡིན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།