[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་ས་བབ་མཐོ་བའི་ས་ཁུལ་གྱི་ཆེས་མཐོ་གནོན་གྱི་ཚོད་ལྟའི་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཟླ་5ཚེས་9ཉིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གནས་པའི་ས་བབ་མཐོ་བ་དང་གློག་གནོན་མཐོ་བའི་ཚོད་ལྟ་ཁང་གི་མཐོ་གནོན་ཚོད་ལྟའི་ཚོམས་ཆེན་ནང་། ས་བབ་མཐོ་ལ་སྐམ་ཤས་ཆེ་བའི་ཁོར་ཡུག་འོག་གི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་སྟེམ་སྒོའི་ཚོམས་ཆེན་གྱི་མཁའ་རླུང་གཙང་སེལ་ཚོད་ལྟ་ཞིབ་འཇུག་བྱས་པ་རེད། ཞིབ་འཇུག་རྣམ་གྲངས་དེས་མཚོ་སྔོན—ཧོ་ནན་གྱི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་གྱི་ཐད་རྒྱུག་འདུ་འགོད་བདེ་བླག་ངང་ལག་བསྟར་བྱ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་བྱས་པ་དང་དུས་མཚུངས། རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་ཆེས་མཐོ་གནོན་དང་ཆེས་མཐོ་གནོན་གྱི་གློག་སྐྱེལ་གློག་སྒྱུར་སྒྲིག་ཆས་ཀྱི་འབྲེལ་ཡོད་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    621912_yis_1557803113452_s.jpg

    ཟླ་5ཚེས་9ཉིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་གི་ལས་དོན་པ་ཀོའུ་ཡན་ཐའོ(གཡོན)ཡིས་མཐོ་གནོན་ཚོད་ལྟའི་ཚོམས་ཆེན་ནང་ཚོད་ལྟའི་གྲངས་གཞིར་ལྟ་བཞིན་པ།

    621911_yis_1557803113312_s.jpg

    ཟླ་5ཚེས་9ཉིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་གི་ལས་དོན་པ་སུང་ལིན་གྱིས་མཐོ་གནོན་ཚོད་ལྟའི་ཚོམས་ཆེན་ནང་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།