[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རྒྱལ་ལམ་འཁྲིས་ཀྱི་ཁྱིམ་ཚང་མགྲོན་ཁང་།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-24

    བོད་ལྗོངས་སྤོ་བོ་རྫོང་རྒུ་ཤང་རྒུ་གྲོང་ཚོའི་རང་བྱུང་ཁོར་ཡུག་མཛེས་པ་དང་རྒྱལ་ཁབ་318ཀྱི་འཁྲིས་སུ་གནས་པས་འགྲིམ་འགྲུལ་སྟབས་བདེ་བའི་ལེགས་ཆ་ལྡན་པའི་ཁར། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱལ་ལམ་གྱི་གཞོགས་གཉིས་སུ་ཁྱིམ་ཚང་མགྲོན་ཁང་བསྐྲུན་པས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་ཐེབས་ཡོད། 2018ལོར། རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་4ལ་སྣེ་ལེན་ཞུས་པ་དང་ས་གནས་དེ་གའི་མང་ཚོགས་ཀྱིས་ཡུལ་སྐོར་ཞབས་ཞུ་དང་། འགྲུལ་སྐྱེལ། ཡུལ་སྐོར་ཐོན་རྫས་ཕྱིར་འཚོང་སོགས་བྱས་པ་ལས་ཡོང་འབབ་སྒོར་ཁྲི་410ལྷག་བྱུང་བ་རེད།

    625072_yis_1558583280195_s.jpg

    འདི་ནི་ཡུལ་སྐོར་བས་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་ཞིག་གི་ལྗོངས་གཟིགས་བར་འཁྱམས་ནང་ངལ་གསོ་བཞིན་པ།

    625073_yis_1558583280366_s.jpg

    འདི་ནི་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་ཞབས་ཞུ་བས་ཁང་པར་གཙང་སྦྲ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།