[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན·གངས་དཀར་རི་བོ་ས་བབ་མཐོ་བའི་འཛམ་གླིང་གངས་ཤུད་རི་འཛེག་ཆེ་མོ་བའི་འགྲན་བསྡུར་སྐབས་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་མཚོ་སྔོན·གངས་དཀར་རི་བོ་ས་བབ་མཐོ་བའི་འཛམ་གླིང་གངས་ཤུད་རི་འཛེག་ཆེ་མོ་བའི་འགྲན་བསྡུར་སྐབས་གཉིས་པ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུགས་ལྡོག་དུས་ཚོད་ཉིན་1000གི་དགའ་ནེའུ་དུས་ཆེན་གངས་དཀར་རི་བོར་འགོ་ཚུགས་པ་དང་འགྲན་བསྡུར་ལ་ཀྲུང་གོ་དང་། ཨ་རི། ཧྥ་རན་སེ། སུའེ་ཙེར། རྒྱ་གར། སི་ལོ་ཝ་ཁེ་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཆུ་ཚད་མཐོ་བའི་བདམས་ཐོན་པ་45ཞུགས་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཤིན་ཧའེ་ཡིས་སྐབས་འདིའི་འགྲན་བསྡུར་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྐུལ་འདེད་གཏོང་བ་དང་མཚོ་བོད་ས་མཐོའི་གངས་འཁྱགས་རྣམ་གྲངས་འཕེལ་རྒྱས་གཏོང་བ་གཙོ་བོར་བྱས་ཏེ་ཁྱད་ཆོས་མངོན་གསལ་དོད་པ་དང་ཆུ་ཚད་མཐོ་ཤོས་ཀྱི་གངས་ཤུད་རི་འཛེག་འགྲན་བསྡུར་བྱས་ཏེ་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱས་ནས་གངས་འཁྱགས་རྣམ་གྲངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་མཁན་རེད་ཅེས་བརྗོད།

    སྐབས་འདིའི་འགྲན་བསྡུར་ནི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མནའ་འབྲེལ་དང་། ཨེ་ཤེ་ཡའི་གངས་ཤུད་རི་འཛེག་མནའ་འབྲེལ། ཀྲུང་གོ་རི་འཛེག་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཀྲོའུ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།