[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སི་ཁྲོན་གྱི་བོད་རིགས་ཤང་སོགས་ཀྱི་ཁེ་ལས་ཆུང་གྲས་ལ་ཁྲལ་བཅག་པའི་ཁེ་སྤོགས་ཐོབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    འདི་ལོ་ཟླ་བ་དང་པོ་ནས་བཞི་པ་བར། སི་ཁྲོན་གྱིས་ཁེ་ལས་ཆུང་གྲས་ཀྱི་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུ་ཆག་ཡང་གི་སྲིད་ཇུས་ལག་ལེན་བསྟར་ནས་ཁྲལ་འབབ་སྒོར་དུང་ཕྱུར་25.7ཉུང་དུ་བཏང་བའི་ནང་། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་ཁྲལ་བསྡུའི་ཚད་གཞི་ཁྲལ་གཅོག་འཕར་སྣོན་སྒོར་དུང་ཕྱུར་7.5མཐོ་རུ་བཏང་བ་དང་། ཁེ་ལས་ཆུང་གྲས་ཀྱི་ཚད་གཞི་ལྷུག་གཏོང་དང་ཁེ་ལས་ཀྱི་ཐོབ་ཁྲལ་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲལ་གཅོག་འཕར་སྣོན་སྒོར་དུང་ཕྱུར་11.5ཟིན་པ་མ་ཟད། ས་གནས་ཀྱི“ཁྲལ་དྲུག་གྲོན་གཉིས”བསྡུ་ཚད་ཉུང་གཏོང་གི་སྲིད་ཇུས་ཀྱི་ཁྲལ་གཅོག་འཕར་སྣོན་སྒོར་དུང་ཕྱུར་6.7ཟིན་ཡོད་པ་རེད།

    “ཁྲལ་འཇལ་མི་དགོས་པའི་ཚད་གཞི་མཐོ་རུ་བཏང་རྗེས། ང་ཚོས་དུས་ཚིགས་ཚང་མར་སྐྱེལ་བའི་ཁྲལ་དངུལ་སྒོར་ཁྲི་1ཙམ་ཉུང་དུ་ཕྱིན་ཡོད” སི་ཁྲོན་ཞིང་ཆེན་མན་ཀྲུའུ་གྲོང་ཁྱེར་ཅན་ནན་གྲོང་རྡལ་ཏུང་དབྱི་ཤོན་ཨར་ཁང་གི་སྤྱི་ཁྱབ་ཅིང་ལི་ཝང་ཞའོ་ཅུན་གྱིས“དངུལ་དེ་དག་སྤྱད་དེ་ང་ཚོས་ཕྱོགས་གཅིག་ནས་ཚལ་རིགས་ཀྱི་སྣ་ཁ་ལེགས་སུ་བཏང་ནས་སྐུ་མགྲོན་ཚོའི་འདོད་བློ་སྐོང་བ་དང་། གཅིག་ཤོས་ནས་ལས་བཟོ་ཚང་མར་ཟླ་རེར་གླ་ཕོགས་སྒོར་100རེ་མཐོ་རུ་བཏང་ནས་ལས་བཟོ་ཚོ་དགའ་པོ་ཡོང་བ་བྱེད་ཀྱི་ཡིན”ཞེས་བརྗོད།

    མན་དབྱང་གྲོང་ཁྱེར་ཕིང་ཝུའུ་རྫོང་ཡུལ་སྐོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཧུའུ་ཡ་བོད་རིགས་ཤང་ཞང་ཡུས་སྣོད་བཅུད་གླིང་གི་འགན་འཁུར་བ་ཚེང་གཡོད་ཀྱིས་འགྲན་རྩོད་ཛ་དྲག་པ་དང་མ་གནས་མཐོ་རུ་ཕྱིན་པ་སོགས་ཀྱི་རྐྱེན་པས། ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་སྣེ་ལེན་གྱི་ལས་ཀ་བྱེད་མཁན་སྒེར་གཉེར་དུད་ཚང་ལ་གཉེར་སྐྱོང་གི་དཀའ་ངལ་ཕྲད་དེ་རྒྱལ་ཁབ་ཀྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་བཏོན་རྗེས་འདི་ལོ་རྫོང་ཡོངས་ཀྱི་ཞིང་པའི་སྤྲོ་སྐྱིད་ཁང་དང་། ཆའང་རིགས་ཀྱི་སྤྲོ་སྐྱིད་ཁང་། བོད་རིགས་ཀྱི་སྤྲོ་སྐྱིད་ཁང་སོགས་110ལྷག་ཙམ་གྱི་གནས་ཐང་འཕར་ཁྲལ་དང་ཟུར་སྣོན་གྲོན་དངུལ་མུ་མཐུད་སྤྲོད་དགོས་མེད་པར་ཚང་མའི་སེམས་ཤུགས་སྔར་བས་འཕེལ་སོང་ཞེས་བརྗོད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སི་ཁྲོན་ཞིང་ཆེན་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་ཀྲེན་ཝེ་ཏུང་གིས་སི་ཁྲོན་གྱི་འདི་ལོ་ཟླ་བ་དང་པོ་ནས་བཞི་པ་བར་གྱི་འདུན་ཞུའི་གནས་ཚུལ་ལ་བལྟས་ན། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་ཁྲལ་བསྡུའི་ཚད་གཞིའི་ཁྲལ་གཅོག་འཕར་སྣོན་སྒོར་ཁྲི་3ནས་ཁྲི་10བར་མཐོ་རུ་བཏང་བ་དང་། སྲིད་ཇུས་གསར་པ་ལོངས་སྤྱོད་བྱུང་བའི་ཁྲལ་འཇལ་བ་ཚང་མར་ཆ་སྙོམས་གནས་ཐང་འཕར་ཁྲལ་ཆག་ཡང་བཏང་བ་སྒོར་4081ལས་བརྒལ་བ་དང་། ཁེ་ལས་ཆུང་གྲས་ཀྱི་ཚད་གཞི་ལྷུག་གཏོང་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་རྗེས་ཁེ་ལས་ཆུང་གྲས་ཚང་མར་ཆ་སྙོམས་ཐོབ་ཁྲལ་སྒོར་8890ཆག་ཡང་བཏང་བ། “ཁྲལ་དྲུག་གྲོན་གཉིས”བསྡུ་ཚད་ཉུང་གཏོང་གི་སྲིད་ཇུས་ལོངས་སུ་སྤྱོད་མཁན་ཁྲལ་འཇལ་བ་ཚང་མར་ཆ་སྙོམས་ཁྲལ་གཅོག་འཕར་སྣོན་སྒོར་793ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།