[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་པོ་དོ་དམ་ཅུས་ཀྱིས།

    ​ སྲུང་སྐྱོང་ཁུལ་དུ་གཉེན་སྒྲིག་པར་རྒྱག་པ་སོགས་ཀྱི་བྱ་སྤྱོད་མང་པོ་བཀག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

     མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ཉེ་ཆར《མཚོ་སྐོར་གཞུང་ལམ་རྒྱུད་དུ་སྤྲོ་གསེང་ལྟ་སྐོར་དང་གཉེན་སྒྲིག་པར་རྒྱག་བྱེད་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་བརྡ་ཐོ》བཀྲམ་སྟེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ནང་གཉེན་སྒྲིག་པར་རྒྱག་པ་དང་། རང་དགར་བགྲོད་ལམ་བཟོ་བ། མཛེས་ལྗོངས་ཁུལ་རྫུན་བཟོ་བྱེད་པ་སོགས་ཀྱི་བྱ་སྤྱོད་མང་པོ་བཀག་པ་རེད།

    བརྡ་ཐོ་དེ་གཞིར་བཟུང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ཡུལ་སྐོར་དྲ་ཚིགས་ཁག་དང་། ཡུལ་སྐོར་ལས་དོན་ཁང་ཁག ཡུལ་སྐོར་སྣེ་ཤན་པ་བཅས་ཀྱིས་མཚོ་སྐོར་ལམ་རྒྱུད་དུ་ཁྲིམས་དང་མི་མཐུན་པའི་སྒོ་ནས་གཉེར་སྐྱོང་བྱས་ཏེ་རང་དགར་བགྲོད་ལམ་བཟོ་བ་དང་། མཛེས་ལྗོངས་ཁུལ་རྫུན་མ“མཚོ་སྔོན་པོའི་ཞིང་འབྲོག་ལམ་ཆུང”དུ་བརྩིས་ཏེ་ཡུལ་སྐོར་ལམ་ཐིག་ནང་བཅུག་ནས་འོས་སྦྱོར་བྱེད་རིགས་གཏན་འགོག་བྱ་རྒྱུ་དང་། མཚོ་སྐོར་གཞུང་ལམ་རྒྱུད་དུ་རང་དགར་བགྲོད་ལམ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་རྫུན་བཟོ་བྱེད་རིགས་གཏན་འགོག་བྱ་རྒྱུ། མཚོ་སྐོར་ལམ་རྒྱུད་དུ་བྱེ་སའི་སྦག་སྦག་གཏོང་བ་དང་། བྱེ་ཤུལ་རྒྱག་པ། བྱེ་ཐང་བྱེས་བགྲོད་སོགས་ཀྱི་སྲུང་སྐྱོང་ཁ་ཕྱོགས་དང་མི་མཐུན་པའི་ཁྲིམས་འགལ་གཉེར་སྐྱོང་གི་བྱེད་སྒོ་སོགས་གཏན་འགོག་བྱ་རྒྱུ་རེད།

    མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཡུལ་སྐོར་དོ་དམ་ཁྲུའི་ཁྲུའུ་ཀྲང་ཁྲེན་ཏེ་ཧུའེ་ཡིས་གཉེན་སྒྲིག་པར་རྒྱག་སྒྲིག་གཞིས་པར་ཡག་པོ་ཡོང་ཆེད་རང་དགར་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱེ་རིའི་ཁུལ་དུ་འཛུལ་ནས་གཉེན་སྒྲིག་པར་རྒྱག་པར་དམིགས་ཏེ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་གཉེན་སྒྲིག་པར་རྒྱག་པའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་བཟོས་ཤིང་། པར་རྒྱག་མཁན་ཚོས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་ཕྱིན་ནས་གཉེན་སྒྲིག་པར་རྒྱག་པ་ལས་མཚོ་སྐོར་ལམ་རྒྱུད་དུ་ཁྲིམས་དང་མི་མཐུན་པའི་སྒོ་ནས་གཉེར་སྐྱོང་བྱེད་མཁན་ལ་ཁེ་ཕན་གཏོད་པ་དང་ཁྲོམ་ར་མཁོ་འདོན་བྱེད་མི་རུང་ཞེས་བརྗོད།

    ཁྲེང་ཏེ་ཧུའེ་ཡིས“བྱེད་ཐབས་དེ་དག་འདོན་དོན་ནི། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་གྱིས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དང་ཡུལ་སྐོར་གྱི་ཁོར་ཡུག་ལེགས་པོ་ཞིག་གཏོད་པ་དང་། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་དང་དག་ཐེར་གྱི་ཕན་འབྲས་དང་། སྤྱི་ཡོངས་ཀྱི་ཡུལ་སྐོར་རྣམ་པར་སྲུང་སྐྱོང་བྱས་ནས་ཡུལ་སྐོར་བའི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་ཆེད་ཡིན”ཞེས་བརྗོད།

    མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ནི་2011ལོར་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མིང་བྱང་བཀལ་བ་རེད། རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་ཡིན་པའི་ངོས་ནས་མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་དང་འབྲེལ་བའི་ཆུ་ཀླུང་གལ་ཆེན་ཞིག་དང་། ནུབ་རྒྱུད་ཀྱི་བྱེ་ས་ཅན་ཤར་རྒྱུད་ལ་མཆེད་རྒྱུར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་རེད་ལ། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ཤར་མའི་དུས་བྱ་གནས་སྤོ་བྱེད་པའི་ལམ་ཐིག་གཉིས་ཀྱི་འབྲེལ་མཚམས་ཤིག་ཀྱང་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།