[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་ལས་རིགས་སློབ་གསོར་བརྟེན་ནས་དབུལ་སྒྲོལ་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ལས་རིགས་སློབ་གསོའི“ཕུགས་འདུན་འགྲུབ་པའི་བྱ་སྤྱོད་འཆར་གཞི”ལག་ལེན་བསྟར་བ་དང་། ལས་ཞུགས་མདུན་ལམ་ཡག་ལ་དགེ་མཚན་ལྡན་པའི་ཆེད་ལས་འདེམས་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བུ་ཕྲུག་བསྡུ་བ་བཅས་བྱས་ཏེ་ལས་རིགས་སློབ་གསོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེམས་བྱས་ཡོད། 2018ལོར་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བུ་ཕྲུག་2745ལ་སློབ་རྒྱུས་སློབ་གསོ་དང་ལེན་བྱེད་དུ་བཅུག་པ་དང་། མི་1458གསར་དུ་བསྡུས་པ། མི་2326ལ་གསོ་སྦྱོང་བྱས་པ་རེད།

    ལས་རིགས་སློབ་གསོ་དེ་གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་བྱས་པ་དང་། སློབ་གསོའི་གདེང་ཚོད་དེ་མཚོ་སྔོན་གྱིས་ལས་རིགས་སློབ་གསོ་སྒྱུར་བཅོས་བྱས་པའི་གསོན་ཤུགས་ལས་བྱུང་བ་ཞིག་རེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཧྥུའུ་ཆང་གིས་མཚོ་སྔོན་གྱིས་ཁེ་ལས་དང་བྱ་གཞག་ཚན་པ་དང་། སློབ་གྲྭ ཚན་ཞིབ་སྒྲིག་གཞི། མཐུན་ཚོགས་བཅས་ཁོངས་མིའི་ཚན་པར་བྱས་པའི་ལས་རིགས་སློབ་གསོའི་ཚོགས་པ་9བཙུགས་ཏེ་ཁེ་ལས་45དང་མཉམ་ལས་ཐོག་དེང་རབས་ཀྱི་སློབ་མའི་ལམ་ལུགས་ཚོད་ལྟ་བྱས་པ་དང་སློབ་གྲྭའི་ཕྱི་ནང་དུ་ལག་ལེན་རྟེན་གཞི་300ལྷག་ཙམ་བཙུགས་ནས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་1300ལྷག་ཙམ་དང་སློབ་ཁེ་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་ཡོད་ཅེས་ངོ་སྤྲོད་བྱས་ཡོད།

    2017ལོར། མཚོ་སྔོན་གྱིས《ལས་རིགས་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་ཏེ་ལས་རིགས་སློབ་གསོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་དང་ཐོན་སློབ་མཉམ་འདྲེས་འཕེལ་རྒྱས་འདུ་འགོད་འཛུགས་སྐྲུན་འཆར་འགོད་སོགས་བཟོས་ཏེ་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་དང་སློབ་གཉེར་གཞི་ཁྱོན་ཁ་གསལ་བཟོས་ཡོད། དེ་དང་དུས་མཚུངས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་འཕེལ་སྒྱུར་དང་། ནོར་སྲིད། དཔལ་འབྱོར་ཆ་འཕྲིན་སོགས་སྡེ་ཚན་དང་མཉམ་དུ་དེང་རབས་སློབ་མའི་ལམ་ལུགས་དང་། ཚོགས་པ་ཅན་གྱི་སློབ་གཉེར། གསར་གཏོད་འཕེལ་རྒྱས་སོགས་ཀྱི་ཐད་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དཔྱད་དཔོག་གདེང་འཇོག་མ་ལག་བཙུགས་ཏེ་ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་ཀྱི་མི་སྐྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད། ད་དུང་གྲོང་ཁྱེར་དང་ཀྲོའུ་ཁག་གིས“སློབ་གཉེར་ཆ་རྐྱེན་ཞན་པ་དང་། ཁྱད་ཆོས་མངོན་གསལ་དོད་པོ་མེད་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆུང་བ”བཅས་ཀྱི་ལས་རིགས་སློབ་གྲྭ་བསྡུ་སྒྲིལ་བྱས་ནས“ཀྲོའུ་གཅིག་ལ་སློབ་གྲྭ་གཅིག”གཙོ་གནད་ཐོག་བཏོད་དེ་ལས་རིགས་གལ་ཆེན་ཚང་མར་སློབ་གླིང་རེའི་རྒྱབ་སྐྱོར་ཡོད་པའི་འགན་ལེན་བྱས་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཅིན་ཏེ་ཀང་གིས་མཚོ་སྔོན་གྱིས་ལས་རིགས་སློབ་གསོ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་གི་སྤུས་ཚད་མཐོར་གཏོང་ཐད་ཐབས་ལམ་གསར་རྐྱང་ཞིག་ཚོད་ལྟ་འཚོལ་ཞིབ་བྱེད་བཞིན་ཡོད་པས། སློབ་ཁེ་མཉམ་ལས་ཀྱི་ཕྱོགས་ལྷུང་གི་གནད་དོན་དེ་བས་ཐག་གཅོད་ཡག་པོ་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་མཚོ་སྔོན་ལས་རིགས་སློབ་གསོར་སློབ་མ་ཁྲི་3ལས་བརྒལ་བ་ཐོག་མར་བསྡུས་པ་དང་འབྲིང་རིམ་ལས་རིགས་དང་མཐོ་རིམ་ལས་རིགས་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%དང་90%ཡན་སོ་སོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།