[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཟི་ལིང་གིས་རིགས་དབྱེ་དང་རིམ་པ་དབྱེ་བའི་ཁ་གསབ་བྱ་ཐབས་ཚོད་ལྟ་བྱས་ནས་ནགས་སའི་དོ་དམ་གྱི“མཐའ་མའི་འགག་གནད”བསལ་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-20

    འདི་ལོའི་ཟླ་6པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས《ཟི་ལིང་གྲོང་ཁྱེར་གྱི་ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་རིགས་དབྱེ་དང་རིམ་པ་དབྱེ་བའི་ཁ་གསབ་ཀྱི་ཚོད་ལྟའི་ཇུས་གཞི》དངོས་སུ་བཀྲམ་ཡོད། ཇུས་གཞིར་གཞིགས་ན། ཟི་ལིང་གྲོང་ཁྱེར་གྱིས་ཐོག་མར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཏིའོ་ཀོའུ་འབབ་རྒྱུད་དུ་ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་རིགས་དབྱེ་དང་རིམ་པ་དབྱེ་བའི་ཁ་གསབ་ཚོད་ལྟའི་ལས་དོན་སྤེལ་བ་དང་། ཀྲུང་ཧྲེ་ཐའེ་གནས་སའི་ཧྲོ་པེ་བོད་རིགས་ཤང་པ་སི་ཡ་གྲོང་ཚོ་ནི་ཚོད་ལྟའི་ས་ཁོངས་ནང་གི་སྲིད་འཛིན་གྲོང་ཚོ་བཅུའི་གྲས་ཤིག་རེད།

    པ་སི་ཡ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཏེ་ཚའེ་ཡིས“དེ་སྔོན་གྲོང་ཚོའི་ནགས་སར་དོ་དམ་བྱེད་མཁན་མེད་པར་ཡུལ་མིས་སྣོད་བཅུད་ཁ་གསབ་ཀྱི་དངུལ་བླངས་ཏེ་དོ་དམ་གྱི་འགན་འཁུར་གྱི་མེད་ལ། ཐ་ན་མི་ལ་ལས་མཉམ་སྡེབ་ནགས་སར་ཕྱུགས་འཚོ་བ་དང་། བྱེ་སྔོག་ས་འདོན་བྱེད་ཀྱི་ཡོད། ཐོག་མར་གྲོང་ཚོའི་མཉམ་སྡེབ་ཀྱིས་ནགས་སར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཐ་ཚིག་བསྒྲགས་ཀྱི་ཡོད། འོན་ཀྱང་གཏོར་བཤིག་གཏོང་མཁན་ཇེ་མང་དུ་སོང་བས་ཐ་ཚིག་བསྒྲགས་ཀྱང་ཕན་ཐོགས་ཀྱི་མེད”ཅེས་བརྗོད།

    “ནགས་ས་དང་། སྡོང་ཕྲན་ནགས་ས། སྐྱེ་འཚར་ཡག་པོ་མ་བྱུང་བའི་ནགས་ས་བཅས་ལ་གཞིགས་ཏེ་རིགས་གསུམ་ལ་དབྱེ་ནས་རིགས་གཅིག་ལ་རིམ་པ་གཉིས་བཟོས་ཡོད། དོ་དམ་ཡག་པོ་བྱུང་ཚེ་ཡུལ་མི་ཚང་མར་སྣོད་བཅུད་ཁ་གསབ་ཀྱི་དངུལ་མང་པོ་རག་གི་ཡོད”ཅེས་ཟི་ལིང་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ནགས་ལས་རྩྭ་ཐང་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཧྲེན་ཁུན་གྱི་སྲིད་ཇུས་ངོ་སྤྲོད་ཉན་རྗེས་ཀྲང་ཏེ་ཚའེ་ཡིས་གལ་ཏེ་ནགས་ས་བདག་སྐྱོང་ཡག་པོ་བྱུང་ཚེ། པ་སི་ཡ་གྲོང་ཚོར་ཁ་གསབ་དངུལ་སྒོར་44000ལྷག་ཙམ་རག་གི་ཡོད་པ་དང་དེའི་ནང་ནས་50%གྲོང་ཚོའི་མཉམ་སྡེབ་ཀྱི་ནགས་སའི་དོ་དམ་ལ་མུ་མཐུད་སྤྱོད་པ་ཕུད། དེ་བྱིངས་ཀྱི་50%ཐད་ཀར་ཡུལ་མིའི་གཱ་གཅིག་ཀུན་འཐུས་ནང་བླུཌ་ཏེ་ཡུལ་མི་ཚོར་ཁེ་ཕན་ཐོབ་པའི་རྩིས་ཤིག་བརྒྱབ་ཡོད།

    “མང་ཚོགས་རྣམས་ནགས་སའི་དོ་དམ་གྱི་ཁེ་ཕན་དངོས་ཐོབ་མཁན་ལ་གྱུར་པ་དང་། མི་ཚང་མ་མཉམ་སྡེབ་ནགས་སའི་དོ་དམ་ཁྲོད་ཞུགས་ཚེ་ནགས་སའི་དོ་དམ་གྱི‘མཐའ་མའི་འགག་གནད’སེལ་ཐུབ་པ་ནི་ཐེངས་དེའི་ཚོད་ལྟའི་ལས་དོན་གྱི་མཐའ་མའི་དམིགས་ཡུལ་གྱི་གྲས་ཤིག་ཡིན”ཞེས་ཧྲེན་ཁུན་གྱིས་བརྗོད་ཅིང་། ཁོང་གིས་ཟི་ལིང་གི་ཚོད་ལྟའི་ལས་དོན་ལེགས་གྲུབ་བྱུང་རྗེས་སྣོད་བཅུད་བྱ་དགའི་ཁ་གསབ་རབ་དང་རིམ་པ་སྤྲོད་པའི་བྱ་ཐབས་མཚོ་སྔོན་ཞིང་ཆེན་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད། སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་ནགས་སའི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་ས་ཁུལ་གཞན་གྱི་གཞི་རིམ་ནགས་སའི་དོ་དམ་ལས་དོན་ངོས་ནས་བརྗོད་ན་མིག་དཔེ་ལྟ་སའི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།