[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་བོད་ལྕགས་ལམ་གྱི་རི་ལི་གཏོང་མཁན་བུད་མེད་ཁ་ལོ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་5ཉིན་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་བུད་མེད་ཁ་ལོ་བ་ཁག་དང་པོའི་མི་24པའོ་ཅི་ལྕགས་ལམ་ལག་རྩལ་བའི་སློབ་གླིང་ནས་བདེ་བླག་ངང་སློབ་མཇུག་འགྲིལ་ཏེ། ལས་གནས་ཐོག་མེ་འཁོར་གྱི་ལས་སྒོ་དངོས་སྦྱོང་བྱེད་འགོ་ཚུགས། དེ་ནས་བཟུང་མཚོ་བོད་ལྕགས་ལམ་ཐོག་བུད་མེད་ཁ་ལོ་བ་ཁག་གཅིག་བྱུང་བ་རེད།

    མཚོ་བོད་ཚོགས་པ་ཀུང་སིས་ཟླ་བ་གསུམ་པའི་ཟླ་མཇུག་ནས་བཟུང་མེ་འཁོར་གྱི་བུད་མེད་ཁ་ལོ་བ་ཁག་དང་པོ་འདེམས་སྒྲུག་དང་གསོ་སྦྱོང་གི་འཆར་གཞི་ལག་ལེན་བསྟར་འགོ་བཙུགས་ཤིང་། བུད་མེད་ལས་བཟོ་བའི་ལོ་ཚད་དང་། སློབ་རྒྱུས། ཆེད་ལས་ཤེས་བྱ། གཟུགས་པོའི་ཆ་རྐྱེན། སེམས་ཁམས་བྱང་ཚད། དེ་བཞིན་དུས་རྒྱུན་གྱི་རྣམ་འགྱུར་བཅས་ལ་གཞི་བཙུགས་ཏེ། ཀུང་སིའི་དོ་དམ་ཁྱབ་ཁོངས་ཀྱི་གཞི་རིམ་ས་ཚིགས་དང་དུམ་བུར་ཁ་ཕྱོགས་ནས་འདེམས་སྒྲུག་བྱས་པ་རེད། ཚན་པའི་འོས་སྦྱོར་དང་། སློབ་རྒྱུས་ཁས་ལེན། ངོ་རྒྱུགས་སོགས་རིམ་པ་བཞིན་འདེམས་སྒྲུག་བྱས་པ་བརྒྱུད། བུད་མེད་ལས་བཟོ་བ་24མཚོ་བོད་ལྕགས་ལམ་གྱི་མེ་འཁོར་གཏོང་མཁན་གྱི་བུད་མེད་ཁ་ལོ་བ་ཁག་དང་པོའི་མིང་གྲས་སུ་ཚུད།

    འདི་ལོ་ལོ་30ལ་སླེབས་པའི་ཀྲང་མོང་ཁྲེན་ནི་ཟི་ལིང་ནས་ལན་ཀྲོའུ་འབབ་ཚུགས་ནུབ་མ་བར་གྱི་ཤུགས་འགྲེམས་མེ་འཁོར་འཕྲུལ་ཚན་D2742/1ཐོག་དངོས་སྦྱོང་བྱེད་མཁན་བུད་མེད་ཁ་ལོ་བ་11གི་གྲས་ཤིག་ཡིན་ཞིང་། ལས་ཀ་བྱས་ནས་ལོ་7སོང་བའི་ཁོ་མོ་ཟི་ལིང་འབབ་ཚུགས་ཀྱི་སྤ་སེ་འཚོང་མཁན་ཞིག་ནས་མེ་འཁོར་གཏོང་མཁན་བུད་མེད་ཁ་ལོ་བ་ཁག་དང་པོ་བསྡུ་བའི་ནང་ཞུགས། “ང་ཚོའི་ལག་ལེན་གྱི་རྩལ་ནུས་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཆེད། ཀུང་སིས་པའོ་ཅི་ལྕགས་ལམ་ལག་རྩལ་བའི་སློབ་གླིང་དང་གསོ་སྦྱོང་གི་གན་རྒྱ་བཞག་སྟེ་ང་ཚོར་ལྕགས་ལམ་གྱི་དབོར་འདྲེན་དང་། སྒྲིག་སྲོལ་ལམ་ལུགས། མེ་འཁོར་བཀོལ་སྤྱོད་ཀྱི་ཆེད་ལས་ཤེས་བྱ། བུད་མེད་ཀྱི་སེམས་ཁམས། དེ་བཞིན་ལུས་སྟོབས་སྦྱོང་བརྡར་སོགས་ཀྱི་སློབ་ཚན་ཆེད་མངགས་བཀོད་སྒྲིག་བྱས་འདུག་ལ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དུས་ཡུན་ཟླ་3གྱི་སྒོ་སྡོམ་རྣམ་པའི་གསོ་སྦྱོང་ཡང་བྱས་བྱུང” ཀྲང་མོང་ཁྲེན་གྱིས་གསོ་སྦྱོང་མཇུག་འགྲིལ་རྗེས། ངའི་བྱིས་དུས་ཀྱི་མེ་འཁོར་གཏོང་བའི་ཕུགས་འདུན་གྲུབ་སོང་ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚོགས་པ་ཀུང་སིས་མེ་འཁོར་གཏོང་མཁན་བུད་མེད་ཁ་ལོ་བ་ཁག་དང་པོས་མེ་འཁོར་ཞབས་ཞུའི་ལས་འགན་ལ་སྔར་བས་རྒྱུས་མངའ་ལོན་ཆེད། ཁོ་ཚོར་གསོ་སྦྱོང་ལས་ཀའི་སྐུལ་སྤེལ་ཇུས་གཞི་བཟོས་པ་དང་། དགེ་ཕྲུག་འཁྲིད་མཁན་དགེ་རྒན་ལེགས་འདེམས་བྱས་པ་དང་འབྲེལ་དགེ་ཕྲུག་ཁྲིད་སྐྱོང་གི་གན་རྒྱ་བཞག་སྟེ། “རྒན་པས་གཞོན་པ་འཁྲིད་པའི”བྱ་ཐབས་ལ་བརྟེན་ནས་ཁོ་ཚོས་ལས་སྒོར་གང་མགྱོགས་རྒྱུས་མངའ་ཡོང་ཐབས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།