[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཕྱོགས་བསྡུས་རྒྱ་མཚོ་ཁང་ཆེ་གྲས་ས་མཐོའི་གནའ་གྲོང་ཟི་ལིང་དུ་སྒོ་མོ་ཕྱེ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    653935_yis_1566187064140.jpg

    འདི་ནི་ཟླ་8ཚེས་18ཉིན། ཡུལ་སྐོར་བས་ཟི་ལིང་གི་རྒྱ་མཚོའི་འཇིག་རྟེན་ཚན་རིག་ཁྱབ་གདལ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཕྱོགས་བསྡུས་རྒྱ་མཚོ་ཁང་ཆེ་གྲས་ས་མཐོའི་གནའ་གྲོང་ཟི་ལིང་དུ་དངོས་སུ་སྒོ་མོ་ཕྱེ་ཞིང་། སྒོ་མོ་ཕྱེ་བའི་ཉིན་དེར་ལྟ་སྐོར་བྱེད་པར་ཡོང་མཁན་གྲོང་མི་8000ལྷག་ཙམ་ཟིན་ཡོད།

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོད་པ་གྲོང་གསར་དུ་ཡོད་པ་དང་། ས་བབ་མཐོ་ཚད་སྨི་2261ཟིན་པ། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.8ཟིན་པའི་ཟི་ལིང་གི་རྒྱ་མཚོའི་འཇིག་རྟེན་ཚན་རིག་ཁྱབ་གདལ་ཁང་ནི་འགྲེམས་སྟོན་དང་། ཚན་རིག་ཁྱབ་གདལ། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་ཁྱབ་གདལ་ཁང་ཞིག་རེད། “འདི་ནི་མིག་སྔའི་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱ་མཚོ་ཁང་ཆེ་གྲས་ཤིག་ཡིན”ཞེས་ཟི་ལིང་རྒྱ་མཚོའི་འཇིག་རྟེན་ཚན་རིག་ཁྱབ་གདལ་ཁང་གི་ཀོན་ཀྲང་ལུའོ་རུས་པིན་གྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་རྒྱུན་གྱི་རྒྱ་མཚོ་ཁང་དང་མི་འདྲ་བར། ཟི་ལིང་གི་རྒྱ་མཚོའི་འཇིག་རྟེན་ཚན་རིག་ཁྱབ་གདལ་ཁང་ནི་རྒྱ་མཚོ་བརྗོད་དོན་གཙོ་བོར་བྱེད་པ་དང་། ཞོར་དུ་ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱེད་པའི་ཚན་རིག་ཁྱབ་གདལ་ཁང་ཞིག་རེད།

    དམངས་ཕན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ཟི་ལིང་གི་རྒྱ་མཚོའི་འཇིག་རྟེན་ཚན་རིག་ཁྱབ་གདལ་ཁང་ནི་ཉེ་བའི་ལོ་གཉིས་ནང་བསྐྲུན་པ་དང་། མ་འོངས་པར་ཟི་ལིང་གྲོང་ཁྱེར་གྱི་མིང་བྱང་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།