[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཁུ་ཁུ་ཤི་རི་ཁུལ་གྱི་གཙོད་ཕྱིར་ལོག་བྱེད་འབོར་བརྟན་པོའི་ངང་འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-07

    གསར་འགོད་པར་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོ་ཁུལ་ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཉེ་བའི་ལོ་ཤས་རིང་། ཁུ་ཁུ་ཤི་རི་ཁུལ་གྱི་གཙོད་ཕྱིར་ལོག་བྱེད་འབོར་བརྟན་པོའི་ངང་འཕར་བ་ལས་སྲོག་ཆགས་དེ་རིགས་བདེ་བླག་ངང་སླར་གསོ་བྱུང་བའི་རྣམ་པ་མངོན་ཡོད།

    རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་རིམ་པ་དང་པོ་ཡིན་པའི་གཙོད་ནི་གཙོ་བོ་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། བོད་ཀྱི་བྱང་ཐང་། ཤིན་ཅང་གི་ཨར་ཅང་ཧྲན་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། ལོ་ལྟར་གྱི་ཟླ་5པའི་ཟླ་མཇུག་ཏུ་གཙོད་དེ་དག་ས་ཆ་མི་འདྲ་བ་ཁག་ནས་ཁུ་ཁུ་ཤི་རིའི་དབུས་ཀྱི་གཙོད་གནས་མཚོར་གཙོད་ཕྲུག་བཙའ་བར་ཡོང་གི་ཡོད་པ་དང་། ཟླ་7པའི་ཟླ་མཇུག་ཏུ་གཙོད་ཨ་མས་གཙོད་ཕྲུག་ཁྲིད་དེ་གཅིག་རྗེས་གཉིས་མཐུད་ངང་ལམ་ཐག་སྤྱི་ལེ་བརྒྱ་ལྷག་ཙམ་བརྒྱུད་སྔར་གྱི་འཚོ་གནས་སུ་ལོག་ཡོང་གི་ཡོད།

    ཉེ་ཆར། ལོ་གཅིག་དུས་གཅིག་གི་གཙོད་ཕྲུག་ཕྱིར་ལོག་དུས་ཚིགས་ཕྱོགས་ཡོངས་ནས་མཇུག་འགྲིལ་བ་རེད། སྨུག་སའི་སོག་ལམ་སོགས་སྲུང་སྐྱོང་ས་ཚིགས་ཀྱིས་མཁོ་འདོན་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། འདི་ལོ་ཡུལ་དེར་གཙོད་6627ཕྱིར་ལོག་བྱས་པ་དེ་ན་ནིང་དང་བསྡུར་ན་མང་དུ་སོང་ཡོད་པ་རེད།

    དེ་དང་ཆབས་ཅིག ཡུལ་དེའི་གཙོད་ཁྱུ་ཚོགས་ཀྱི་གྲངས་ཚད་མུ་མཐུད་སླར་གསོ་ཡོང་བཞིན་ཡོད། དུས་རབས་20པའི་ལོ་རབས་80པར་ཁྲིམས་འགལ་བས་རྔོན་པ་བརྒྱབ་པར་བརྟེན་གཙོད་ཀྱི་ཁ་གྲངས་དེ་སྔའི་ཁྲི་20ནས་ཁྲི་2ཙམ་བར་ཉུང་དུ་སོང་ཡོད། ད་ཆ་གཙོད་ཀྱི་གྲངས་འབོར་ཁྲི་6ཡས་མས་བར་སླར་གསོ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།