[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཟི་ལིང་གིས“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”ལ་བརྟེན་ནས་ས་མཐོའི་གནའ་གྲོང“ཡུན་རིང་དྭངས་གཙང”ཡོང་བར་བྱེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གཙང་པོར་སྐོར་གཡེང་ཁྱོན་ཐེངས་ཁྲི་5ལྷག་ཙམ་བྱས་པར་ལམ་ཐག་སྤྱི་ལེ་ཁྲི་3ལྷག་ཙམ་ཟིན་ཡོད། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཆུ་བེད་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་ཞིབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་གྲོང་ཁྱེར་གྱིས“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”ལག་བསྟར་བྱས་ནས་ལོ་གཉིས་སོང་རིང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་སྦྲགས། ཆུ་བེད་པུའི་ཕྱོགས་གསུམ་པའི་ཕྱོགས་སྡོམ་དཔྱད་དཔོག་བདེ་བླག་ངང་བྱུང་བ་རེད། ཆུ་དྭངས་བ་དང་། ཤང་ཤང་དུ་རྒྱུག་པ། ཆུ་ངོགས་སྔོ་ལྗང་། ཁོར་ཡུག་མཛེས་པ་བཅས་ཀྱི་ལྟ་ན་སྡུག་པའི་རི་མོ་ཞིག་ཟི་ལིང་གྲོང་ཁྱེར་གྱི་གྲོང་མིའི་མིག་ལམ་དུ་མངོན་ཡོད།

    ཟི་ལིང་གྲོང་ཁྱེར་ཆུ་བེད་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་ཐུང་ཧའེ་ཧུང་གིས་ཟི་ལིང་གྲོང་ཁྱེར་ནང་ཁུལ་དུ་གཙང་པོ་65དང་། ཆུ་མཛོད་27ཡོད་པ་ཚང་མ་ད་ཆ་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁུར་གྱི་ཡོད། གྲོང་ཁྱེར་ཡོངས་ཀྱི་འཁྱིལ་ཆུའི་རྫིང་བུ་87དང་། མུའུ་ཁྲི་ཟིན་པའི་ཞིང་ཆུ་འདྲེན་ཁུལ་18 རྒྱལ་ཡོངས་ཀྱི་འཐུང་ཆུའི་ཆུ་ཁུངས་གཙོ་བོ་4འདམ་ར་གཙོ་བོ་1སོགས་ཆུ་དང་འབྲེལ་བའི་ཁོངས་གཏོགས་ཀྱང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་དོ་དམ་ཁྱབ་ཁོངས་སུ་བཅུག་སྟེ། གྲོང་ཁྱེར་ཡོངས་སུ་ཆུ་དང་འབྲེལ་བ་ཡོད་པ་ཕྱོགས་ཡོངས་སུ་ཁྱབ་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཐུང་ཧའེ་ཧུང་གིས་ཟི་ལིང་གྲོང་ཁྱེར་གྱིས་ད་དུང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། “ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”ལ་བརྟེན་ནས“ཆུ་བོ་དང་མཚོ་རྒྱུན་དུ་བཅོས་སྐྱོང”ལ་སྐུལ་འདེད་བཏང་སྟེ་ཆུ་བོ་དང་མཚོ“ཡུན་རིང་དྭངས་གཙང”ཡོང་བའི་འགན་ལེན་བྱས་ནས་ཆུ་བོ་སྔར་བས་དྭངས་གཙང་དང་། ཆུ་ངོགས་སྔར་བས་སྔོ་ལྗང་། ཡུལ་མིའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།