[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་བོད་ས་མཐོའི་བྱི་ལ་དོམ་ཁང་རྒྱལ་སྟོན་རིང་ཡུལ་སྐོར་བྱ་ཡུལ་མང་ཤོས་སུ་གྱུར་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    རྒྱལ་སྟོན་རིང་ཟི་ལིང་བྱི་ལ་དོམ་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཟི་ལིང་གི་གྲོང་མི་མི་ཉུང་བ་ཞིག་དང་ས་གནས་ཕྱིའི་ཡུལ་སྐོར་བ་དེར་བསྐྱོད་དེ་བྱི་ལ་དོམ་དང་མཉམ་དུ་བརྗེད་པར་དཀའ་བའི་རྒྱལ་སྟོན་གུང་གསེང་བཏང་ཞིང་། མཚོ་བོད་ས་མཐོའི་བྱི་ལ་དོམ་ཁང་དེ་ཡང་རྒྱལ་སྟོན་རིང་ཡུལ་སྐོར་བྱ་ཡུལ་མང་ཤོས་སུ་གྱུར་བ་རེད།

    ཟི་ལིང་བྱི་ལ་དོམ་ཁང་དེ་མཚོ་བོད་ས་མཐོའི་བདག་ཏུ་མི་བཟུང་བའི་སྲོག་ཆགས་གླིང་དུ་ཡོད་པ་དང་རྒྱལ་ནང་གི་བྱི་ལ་དོམ་ཁང་ཆེ་ཤོས་དེ་ཡིན་ཞིང་། འདི་ལོའི་ཟླ་དྲུག་པར་ཕྱིར་དངོས་སུ་སྒོ་ཕྱེ་ཚུན། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་30ལྷག་ཙམ་བྱི་ལ་དོམ་བཞི་ལ་ལྟ་བར་སླེབས་ཡོད་པ་རེད།

    རྒྱལ་སྟོན་གུང་གསེང་རིང་ཟི་ལིང་བྱི་ལ་དོམ་ཁང་དུ་བྱི་ལ་དོམ་གྱིས་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་འགྲེམས་སྟོན་བྱས་ཤིང་། ཡུལ་སྐོར་བས་མཉམ་རོལ་གློག་བརྙན་ཁང་དང་། ARམྱོང་རོལ་མཉམ་འགུལ་ཁུལ། བྱི་ལ་དོམ་གྱི་ཚོན་ཁྲའི་པར་རྒྱག་ཁང་བཅས་སུ་བྱི་ལ་དོམ་དང་ཉེ་འཕྲད་ཐུབ་པ་་མ་ཟད། འཚེམ་དྲུབ་དང་བརྐོས་མ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་བྱེད་སྒོར་ཡང་ཞུགས་ཆོག་གི་ཡོད་པ་རེད།

    “རྒྱལ་སྟོན་གུང་གསེང་རིང་གི་གོང་གི་ཉིན་གསུམ་ལ་ཟི་ལིང་བྱི་ལ་དོམ་ཁང་གིས་ཡུལ་སྐོར་བ་ཁྲི་1.2ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད”ཟི་ལིང་བྱི་ལ་དོམ་ཁང་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པའེ་ཐའོ་ཡིས་མཚོ་བོད་ས་མཐོར་གནས་ཡང་བྱི་ལ་དོམ་ཟི་ལིང་གི་ས་བབ་མཐོ་པོ་དང་དྲོད་ཚད་དང་རྦད་དེ་འཕྲོད་ཡོད། ཟི་ལིང་གི་གནམ་གཤིས་སྐམ་ཤས་ཅུང་ཆེ་བས་བྱི་ལ་དོམ་ཁང་གི་ཕྱི་ནང་དུ་བརླན་བཤེར་སྒྲིག་ཆས་བསྒར་ནས་བྱི་ལ་དོམ་ལ་བརླན་བཤེར་མཁོ་འདོན་བྱས་ཡོད་ཅེས་བརྗོད་བྱུང་།

    རྒྱལ་སྟོན་རིང་ཕ་མ་མི་ཉུང་བ་ཞིག་གིས་ཕྲུ་གུ་འཁྲིད་ནས་ཟི་ལིང་བྱི་ལ་དོམ་ཁང་དུ་བསྐྱོད་དེ། ཕྲུ་གུ་ཚོ་དང་མཉམ་དུ་བྱི་ལ་དོམ་གྱི་འདྲ་གཟུགས་བྲེག་པ་དང་བརྐོས་མ་བྱས་ཤིང་། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་ཕ་མ་དང་ཕྲུ་གུའི་དབར་གྱི་ལག་པ་འགུལ་བའི་གོ་སྐབས་མཁོ་འདོན་བྱས་པས། ཕ་མ་དང་ཕྲུ་གུའི་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་ཐུབ་པ་བྱུང་བ་མ་ཟད། རྒྱལ་སྟོན་གུང་གསེང་རིང་སྤྲོ་སྣང་འཕེལ་ཐུབ་པ་ཡང་བྱུང་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།