[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སི་ཁྲོན་བོད་རིཌ་ས་ཁུལ་དུ་མེ་ཕུང་དགོང་ཚོཌ་གཉེར་ནས་ལོ་གསར་བསུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-05

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། རོལ་དབྱངས་ཀྱི་སྒྲ་དང་བསྟུན་ནས་མེ་ཕུང་སྤར་བ་དང་མེ་ལྕེ་དྲག་པོའི་འོད་མདངས་ལས་མི་རྣམས་ཀྱི་ངོ་གདོང་རབ་རིབ་མངོན་གྱི་འདུག སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་དུ་ས་གནས་དེ་གའི་མང་ཚོགས་ཚོས་གནམ་ལོ་གསར་ཚེས་འཆར་ལ་ཉེ་བའི་མཚན་མོ་དེར་མེ་ཕུང་དགོང་ཚོགས་གཉེར་བ་རེད། ཚང་མས་མེ་ཕུང་གི་མཐའ་བསྐོར་ནས་གླུ་ལེན་གར་འཁྲབ་བྱེད་ཅིང་། གནམ་གཤིས་གྲང་ངར་ཆེ་རུང་མི་རྣམས་ཀྱི་ངོ་གདོང་ལས་སྔར་བཞིན་འཛུམ་མདངས་འཕྱུར་བཞིན་གླུ་ལེན་གར་འཁྲབ་ལ་དབྱིངས་ཞུགས་འདུག

    ཉིན་འདི་དག་རིང་སི་ཁྲོན་བོད་རིགས་ས་ཁུལ་དུ་ཧ་ཅང་འཁྲུག་ཆ་དོད་ལ་དུས་ཆེན་གྱི་རྣམ་པ་ཟབ་མོས་ཁེངས་འདུག དཀར་མཛེས་ཀྲོའུ་ལི་ཐང་རྫོང་གི་གེ་སར་ཐང་ཆེན་དང་འཇའ་ཚོན་ཐང་ཆེན་དུ“དབུལ་སྐྱོར་ཐོན་རྫས་ཀྱིས་དཔྱིད་གསར་བསུ་བའི་ལོ་གསར་མཁོ་ཆས་ཀྱི་ཚོང་འདུས”ཤིག་གཉེར་བས་ས་གནས་དེ་གའི་མང་ཚོགས་2000ལྷག་ཙམ་ཚོང་ཟོག་ཉོ་རྒྱུའི་ཡིད་དབང་བཀུག་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།