[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཟི་ལིང་གྲོང་ནུབ་ཁུལ་གྱིས་རིག་ནུས་རྒྱང་ཁྲིད་ལྟ་འདོམས་མ་ལག་ལ་བརྟེན་ནས་རིམས་ནད་འགོག་རྒོལ་དམག་འཐབ་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ནས་ཤེས་རྟོགས་བྱུང་བར། ཏོག་གསར་གློ་ཚད་ཐོན་རིང་ཁྱིམ་དུ་ལོགས་སུ་འཇོག་པའི་གཙོ་གནད་མི་སྣར་ཉིན་མཚན་དབྱེར་མེད་དུ་དོ་དམ་ཚོད་འཛིན་དཀའ་བའི་གནད་དོན་ལ་དམིགས་ནས། གྲོང་ནུབ་ཁུལ་གྱིས་ལས་དོན་གྱི་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱས་པ་དང་། རང་འགུལ་ངང་ཆ་འཕྲིན་ཅན་གྱི་ལག་རྩལ་བྱ་ཐབས་གྲོང་ཚོའི(སྡེ་ཁུལ)རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤྱད་དེ་གྲོང་ཁྱེར་ཡོངས་སུ“དྲ་མིག་ཅན་གྱི་གྲོང་ཚོའི(སྡེ་ཁུལ)རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མ་ལག”སྔོན་ལ་བཙུགས་ཏེ་རིམས་ནད“ཕྱི་ནས་ཁྱབ་པ་དང་། ཁྱབ་མཆེད། ཕྱིར་ཁྱབ་པ”བཅས་སྔོན་འགོག་བྱེད་རྒྱུར་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ནུས་ལྡན་བྱས་པས། གྲོང་ཚོའི(སྡེ་ཁུལ)སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡོང་བར་ཤུགས་སྣོན་ནུས་ལྡན་ཐེབས་ཡོད།

    གནའ་གྲོང་ཐའེ་ཡི་ཁོངས་གཏོགས་ཁུལ་གྱི་ཁྱིམ་དུ་ལོགས་སུ་བཞག་པའི་རྒན་ཙུང་ལགས་ཀྱིས“ལོགས་སུ་སྡོད་རིང་སྡེ་ཁུལ་གྱིས་ཐུགས་ཁུར་དང་ལྟ་རྟོག་མང་པོ་བྱས་བྱུང་། ཁྱིམ་དུ་ཚལ་དང་འབྲུ་རིགས་མེད་སྐབས་སྡེ་ཁུལ་གྱི་ལས་དོན་པར་ཁ་པར་རྒྱག་པའམ་ཡང་ན་སྐད་འཕྲིན་བཏང་ཚེ་ལམ་སེང་སྐྱེལ་བ་མ་ཟད། ད་དུང་གད་སྙིགས་གཙང་སེལ་བྱེད་མཁན་ཆེད་མངགས་བཀོད་སྒྲིག་བྱས་འདུག སྡེ་ཁུལ་གྱིས་ང་ཚོ་ལོགས་སུ་སྡོད་མཁན་ལ་ལྡིར་སོ་སྤྲོས་ཆས་བསྒར་བར་བསམ་ཤེས་ཐུབ་ཀྱི་འདུག་ལ་དེར་རྒྱབ་སྐྱོར་ཡང་བྱེད་རྒྱུ་ཡིན། དམིགས་བསལ་གྱི་དུས་ཚོད་ལ་བྱེད་སྟངས་འདི་རིགས་ང་ཚོ་རང་ཉིད་དང་སྤྱི་ཚོགས་ལ་འགན་འཁུར་བའི་བྱེད་སྟངས་ཤིག་རེད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ནུབ་ཁུལ་གྱིས《ཁྱིམ་དུ་ལོགས་སུ་བཞག་ནས་གསོ་རིག་གི་ལྟ་ཞིབ་ཤེས་པའི་མོས་མཐུན་ཡི་གེ》བཞག་པའི་ལོགས་སུ་བཞག་པའི་གྲོང་མིའི་ཁྱིམ་གྱི་སྒོ་འགྲམ་དུ་རྒྱང་ཁྲིད་རིག་ནུས་ལྡིར་སོ་སྤྲོས་ཆས་བསྒར་རྗེས། ལོགས་འཇོག་ས་ཚིགས་ཀྱི་གནས་ཚུལ་ཁྲོམ་གཞུང་དང་གྲོང་རྡལ་གྱི་ལྟ་འདོམས་ལྟེ་གནས་སུ་དུས་ཐོག་ཏུ་བརྒྱུད་སྐྱེལ་ཐུབ་ཀྱི་ཡོད་པས། ཁྱིམ་དུ་ལོགས་སུ་སྡོད་མཁན་མི་རེ་ངོ་རེར“མཐོང་རུང་ཅན་དང་། རིག་ནུས་ཅན། རྒྱང་ཁྲིད་ཅན”བཅས་ཀྱི་ལྡིར་སོ་སྤྲོས་རྒྱུ་མངོན་འགྱུར་བྱུང་ཡོད། མི་སྣ་འདུ་འཛོམས་དང་ཡར་འགྲོ་མར་འགྲོ་སོགས་ཀྱི་གནས་ཚུལ་ཐོན་ཚེ། མ་ལག་དེས་རང་འགུལ་ངང་ཉེན་བརྡ་བཏང་ནས་རྒྱབ་ཕྱོགས་ལས་སྒྲུབ་ཀྱི་མཐའ་སྣེ་བརྒྱུད། འཕྲལ་མར་ལྟ་འདོམས་བྱེད་མཁན་ལ་རང་སར་ལྟ་སྐུལ་མཛུབ་ཁྲིད་དང་བཀག་སྡོམ་བསླབ་བྱ་གཏོང་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།