[ English ] [ 中文 ]
0891-6325020
དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>MV

ཟླ་འོད་འོག་གི་ཆུང་འདྲིས།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པོ།

སྤེལ་དུས།

|

2017-03-17

གཞས་མ།  ནོར་སྒྲོན།

ཚིག དབང་འདུས།

གདངས། ཕུར་ཚེ།


བློ་དཀར་སེམས་ཀྱི་མེ་ཏོག

ཆུང་འདྲིས་ཕྱོགས་ལ་བཞད་ནས།

ཆུང་འདྲིས་གང་འགྲོའི་ས་ལ།

སེམས་པའི་རྐང་ཆུང་ཤོར་སོང་།

སེམས་ལ་བསམ་པའི་མི་དེ།

དཀར་གསལ་ཟླ་བ་འདྲ་ལ།

ནམ་མཁའི་དབྱིངས་སུ་བཞུགས་ཀྱང་།

ལས་འགྲོའི་ལམ་ཆུང་གསལ་བྱུང་།

བརྩེ་དུང་གི་ལམ་ཐག་རིང་ཡང་།

མི་ཚེ་ཚད་ལ་འཛིན་པས།

ལོ་དང་ཟླ་བ་གཉིས་ལ།

རིང་པོའི་སྣང་བ་མ་བྱུང་།

མུན་པས་ལས་ལ་བསྐོས་པའི།

སྤྲིན་གྱི་ཡོལ་བ་འཐེན་ཡང་།

ལས་འགྲོའི་ལམ་ཆུང་སྟེང་ལ།

ཟླ་འོད་སྒྲིབ་རྒྱུ་མི་འདུག

འགན་འཁུར་རྩོམ་སྒྲིག་པ།    བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།