[ English ] [ 中文 ]
0891-6325020
དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>བརྙན་ཐུང་།

ནོར་ནོར་བྱིས་སྒྲུང་ཁང་དང་ལས་གཏོད་པ་བཀྲ་ཤིས་ཚེ་རིང་། (སྟོད་ཆ)

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པོ།

སྤེལ་དུས།

|

2020-01-21

“དམངས་ཀྱིས་བྱ་གཞག་སྐྲུན།  ཀུན་གྱིས་གསར་གཏོད་བྱེད”ཅེས་པའི་ཚ་རླབས་ནང་རང་ལྗོངས་ཀྱི་སློབ་གྲྭ་ཆེན་མོ་བ་དག་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“གཉིས་གཏོད”ཐད་མཐོང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ལ།   ལྷག་པར་དུ་སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་ཐད་ཆེད་མངགས་སྲིད་ཇུས་འདོན་པའམ།  འགྲོ་དངུལ་གཏོང་བ་སོགས་བྱས་ནས་སློབ་ཆེན་སློབ་མར་ལས་གཏོད་དང་གསར་གཏོད་བྱེད་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་བཞིན་ཡོད།

འདིར་ཡང་ལྷ་ས་གྲོང་ཁྱེར་གྱིས་གཙོ་བྱས་པའི་རང་ལྗོངས་ཀྱི་ས་ཁུལ་ཁག་དང་གྲོང་ཁྱེར་ཁག་ཏུ་གསར་གཏོད་དང་ལས་གཏོད་ཀྱི་ཚ་རླབས་ཞིག་འཕྱུར་བཞིན་ཡོད།  དེང་དུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་རང་ཉིད་ཀྱི་བློ་རིག་དང་འབད་བརྩོན།   སྲིད་གཞུང་གི་ཡང་དག་སྲིད་ཇུས་སོགས་ལ་བརྟེན་ནས་ལས་གཏོད་དང་གསར་གཏོད་ཐད་ལེགས་གྲུབ་བྱུང་བའི་མི་སྣ་ཡང་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད།

དེ་རིང་ང་ཚོས། “ནོར་ནོར་བྱིས་སྒྲུང་ཁང་”གི་ལས་གཏོད་པ་རྒན་བཀྲ་ཤིས་ཚེ་རིང་ལགས་ལ་བཅར་འདྲི་བྱས་ནས་ཁོང་གིས་བྱ་གཞག་གསར་གཏོད་ཐད་ཐོག་མའི་ཀུན་སློང་དང་།   བར་གྱི་དཀའ་ངལ།   མཐའ་མའི་ལེགས་གྲུབ་སོགས་བརྙན་ཐུང་དུ་བཀོད་དེ། གཅིག་ནས་རྒན་ལགས་ཁོང་གི་བྱ་་གཞག་གསར་གཏོད་ལམ་བུར་རྒྱུས་ལོན་བྱེད་པ་དང་།    གཉིས་ནས་དེང་སྐབས་བྱ་གཞག་གསར་གཏོད་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་པའི་ཐོག་མའི་ལས་གཏོད་པ་རྣམས་ལ་ཉམས་མྱོང་སྤེལ་རེས་ཡོང་བར་དམིགས་ནས་ཆེད་དུ་བཅར་འདྲི་འདི་ཞུས་ཡིན།

འགན་འཁུར་རྩོམ་སྒྲིག་པ།    བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།