[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • སྣོད་བཅུད་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱས་ནས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་མི་སེར་འབབ་འཕར་གྱི་ལས་དོན་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-20

    ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་མ་ཟད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོའི་རིང་སྣོད་བཅུད་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱས་པས། ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་ཐུབ་ཡོད་ལ། མི་སེར་ཚོ་འབབ་འཕར་ཕྱུག་འགྱུར་ཡང་བྱུང་ཡོད།

    བོད་ཀྱི་ས་ཆ་ཁག་གཅིག་གི་མི་སེར་གྱིས་སྤྱིར་ན་སྣོད་བཅུད་ཀྱི་ཡོང་འབབ་གསོག་ཐུབ་པ་བྱུང་བ།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་གནང་དོན། ཉེ་བའི་ལོའི་རིང་། བོད་ཀྱིས་ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་དང་། རྩྭ་ཐང་སྣོད་བཅུད་ཀྱི་སྲུང་སྐྱོང་བྱ་དགའ། འདམ་རའི་སྣོད་བཅུད་ཁ་གསབ་སོགས་ལ་བསྡོམས་དངུལ་སྒོར་དུང་ཕྱུར་316བཏང་བའི་ཁྲོད་ནས་མང་ཆེ་བ་ཐད་ཀར་མི་སེར་ལ་ཁ་གསབ་སྤྲད་ཡོད་ཅེས་གསུངས།

    ཁོང་གིས“སྣོད་བཅུད་ཁ་གསབ་བྱས་པ་བརྒྱུད་ས་ཁོངས་མང་པོ་དང་ལྷག་པར་དུ་ནག་ཆུ་དང་མངའ་རིས་སོགས་གལ་ཆེའི་སྣོད་བཅུད་ཀྱི་ས་ཁོངས་ཁག་གཅིག་གི་མི་སེར་རྣམས་ཀྱིས་སྤྱིར་ན་སྣོད་བཅུད་ཀྱི་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད”ཅེས་གསུངས།

    ཁོང་གིས་ད་དུང་བོད་ཀྱིས་སྣོད་བཅུད་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། ལྗང་མདོག་ཐོན་ལས་བཅས་འཕེལ་རྒྱས་བཏང་སྟེ་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད། ན་ནིང་ལྟ་བུར་མཚོན་ན་བོད་དུ་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་2500ལྷག་ཙམ་ཟིན་པ་དང་། ཁྱིམ་ཚང་མང་པོ་ཞིག་ལ་སྣོད་བཅུད་ཡུལ་སྐོར་ལས་ཉུང་མཐར་ཡང་མི་རེར་ཆ་སྙོམས་སྒོར་ཁྲི་1ཡན་གྱི་ཡོང་འབབ་བྱུང་ཡོད་ཅེས་ངོ་སྤྲོད་གནང་།

    གཞན་ཡང་བོད་ཀྱིས་མི་སེར་ལ་ནགས་སྲུང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་བ། རྩྭ་རའི་ལྟ་སྡོམ་པ། ཤང་དང་གྲོང་རྡལ་གྱི་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་པ་སོགས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་གི་ལས་དོན་ལ་ཞུགས་ཏེ་ཡོང་འབབ་འཕར་ཐབས་བྱེད་དགོས་པའི་ལྕག་སྐུལ་བྱེད་ཀྱི་ཡོད།

    མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད“ལྔ་མང་དུ་དང་གཅིག་ཉུང་དུ”གཏོང་རྒྱུ་མངོན་འགྱུར་བྱུང་བ།

    མཚོ་སྔོན་ཞིང་ཆེན་གྱིས་ཧྲེང་ཀྲང་གཞོན་པ་ཐན་ཅིང་ཁྲེན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོའི་རིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད“ལྔ་མང་དུ་དང་གཅིག་ཉུང་དུ”གཏོང་རྒྱུ་མངོན་འགྱུར་བྱུང་བ་སྟེ།

    —— སྔོ་ཁེབས་ཁེབས་ཚད་མང་དུ་ཕྱིན་པ། མཚོ་སྔོན་རྩྭ་ཐང་གི་སྔོ་ཁེབས་ཁེབས་ཚད་ལོ་ལྔའི་ནང་བརྒྱ་ཆའི་གྲངས་3.4མང་དུ་ཕྱིན་པ་དང་། རྩྭ་ར་ཞན་འགྱུར་དུ་འགྲོ་ཚུལ་བཀག་འགོག་ནུས་ལྡན་ཐུབ་པ། རྩྭ་ཐང་གི་སྣོད་བཅུད་མ་ལག་ནུས་པ་རིམ་བཞིན་སླར་གསོ་བྱུང་བ་དང་ནགས་ཚལ་ཁྱབ་ཚད་ལོ་ལྔའི་ནང་བརྒྱ་ཆའི་གྲངས་1.1མང་དུ་ཕྱིན་ཡོད།

    —— ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་མང་དུ་ཕྱིན་པ། 2005ལོ་ཚུན། མཚོ་སྔོན་གྱི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་དེ་ལོ་མང་གི་ཆ་སྙོམས་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་98འཕར་བ་དང་ཆུ་འགོ་གསོ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ལོ་རབས་གོང་མའི་དུས་མཇུག་ཏུ་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་རྩ་བརླག་ཏུ་སོང་བའི་ས་མཐོའི་མཚོ་མཚེའུ་དང་འདམ་ར་སྟོང་ཕྲག་ལ་ཉེ་བ་སླར་གསོ་བྱུང་ཡོད།

    —— འདམ་རའི་སྣོད་བཅུད་མ་ལག་གི་གཞི་ཁྱོན་ཆེ་རུ་ཕྱིན་པ། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་རྒྱལ་ཡོངས་འདམ་རའི་སྤྱིའི་གཞི་ཁྱོན་གྱི་15%ཡན་བཟུང་ཡོད།

    —— སྐྱེ་དངོས་སྣ་མང་རང་བཞིན་མང་དུ་ཕྱིན་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་གཙོད་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།

    —— ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་པ། ཡུལ་གཞན་དུ་གནས་སྤོས་བྱས་པ་དང་། སྣོད་བཅུད་ཀྱི་ཁ་གསབ་ལམ་སྲོལ་བཟོས་པ། སྣོད་བཅུད་བདག་སྐྱོང་གི་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱས་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད།

    —— ཐང་རྒོད་ཀྱི་སྣོད་བཅུད་མ་ལག་གི་གཞི་ཁྱོན་མུ་མཐུད་ཆུང་དུ་ཕྱིན་པ། ས་ཆུ་ཤོར་བའི་གཞི་ཁྱོན་སྤྱིར་ན་ཆུང་དུ་ཕྱིན་ནས་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་ས་ཆའི་གཞི་ཁྱོན་གཉིས་ཀ་ཆུང་དུ་ཕྱིན་ཡོད་ཅེས་གསུངས།

    ཁོང་གིས་མཚོ་སྔོན་ཞིང་ཆེན་གྱིས་སྲུང་སྐྱོང་དང་དབུལ་སྒྲོལ་ཟུང་འབྲེལ་བྱས་ནས་གཙང་གསུམ་ཆུ་འགོར“དུད་ཚང་གཅིག་ལ་ལས་གནས་གཅིག”གི་སྣོད་བཅུད་བདག་སྐྱོང་གི་སྤྱི་ཕན་ལས་གནས་བཙུགས་པས། སྣོད་བཅུད་བདག་སྐྱོང་བ་17211གིས་ལག་ཁྱེར་ལྡན་པའི་ངང་ལས་གནས་སུ་ཞུགས་པ་དང་རྒྱ་ཆེའི་ཞིང་འབྲོག་པ་རྣམས་དེ་སྔ་རང་བྱུང་ཁམས་ནས་རང་ཉིད་ལ་ཁེ་ཕན་ཐོབ་ཐབས་བྱེད་པ་ནས་ད་ཆ་རང་བྱུང་ཁམས་སྲུང་སྐྱོང་བ་ཞིག་ཏུ་གྱུར་ཡོད་ཅེས་གསུངས།

    རིགས་གཅིག་མཁས་ཅན་གྱིས་སྣོད་བཅུད་ཁ་གསབ་ཕན་འབྲས་ཀྱི་ཚོད་སྐོར་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་པ།

    ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲེང་ཏུའུ་ཡིས་སྣོད་བཅུད་ཁ་གསབ་བྱ་ཐབས་ལག་བསྟར་བྱས་པ་དེས་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་། མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པ། ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོཌ་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་ཕྱོཌ་ཁག་གཅིག་གི་ཐད་ད་དུང་ཤུཌ་སྣོན་རྒྱག་དགོས་ཀྱི་འདུག་ཅེས་གསུངས།

    ཁོང་གིས་ས་མཐོའི་སྣོད་བཅུད་ཁ་གསབ་ལམ་སྲོལ་གྱི་ལག་ལེན་ཁྲོད་ཁ་གསབ་མ་དངུལ་གྱི་ཡོང་ཁུངས་ཅུང་རྐྱང་པ་ཡིན་པ་དང་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོཌ་གསལ་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པས། ཁ་གསབ་ཚད་གཞི་དང་དེ་བཞིན་སྣོད་བཅུད་ཁ་གསབ་ཀྱི་རིཌ་པའི་གཞུང་ལུགས་ཐད་སྔར་བས་ཞིབ་འཇུག་གཏིང་ཟབ་བྱེད་དགོས་འདུག་ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།