[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-20

    ཟླ་5ཚེས་17ཉིན་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་འཚོགས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར། 2017ལོའི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་ལས་ཀ་བཀོད་སྒྲིག་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་སྲིད་གཞུང་གི་བློ་འདྲི་བ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་སྐལ་བཟང་ཚེ་རིང་ཚོགས་འདུར་ཕེབས་ཡོད་པ་རེད།

    བསྟན་ཁོས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས། ཆོས་ལུགས་བཅས་ཁྱབ་ཁོངས་ཀྱི་ཏང་ཡོན་ལས་བྱེད་པས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་འཛིན་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ལས་དོན་ཏན་ཏིག་སྒྲུབ་པ། ཕན་པ་དངོས་དོན་གཉེར་བྱེད་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་གི་གྲུབ་འབྲས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ཡག་པོ་སྒྲུབ་པའི་འཛད་མེད་ཀྱི་སྒུལ་ཤུགས་ལ་ཏན་ཏིག་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་དང་། ཁོང་གིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་དང་། སློབ་སྦྱོང་གི་སྤྲོ་སེམས་འཕེལ་བ། ལག་ལེན་ཁྲོད་བསམ་བློ་གཏོང་མཁས་པ། གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། བསམ་བློ་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ངོ་བོ་ཉིད་ཀྱི་བྱང་ཚད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། བརྟག་ཞིབ་ལ་སྣང་ཆེན་དང་། སློབ་སྦྱོང་ལ་ཧུར་བརྩོན། དོན་འཁྱོལ་ལ་ཤུགས་སྣོན། ནུས་པ་འཛུགས་སྐྱོང་འདེགས་སྐྱོར་དུ་བྱས་ནས་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། སྤྱོད་གཙང་གཞུང་དྲང་དར་སྤེལ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པའི་བློ་སྟོབས་སྐྱེད་སྲིང་། མཐུན་སྒྲིལ་གྱི་དར་སྲོལ་གཏོད་པ། སྤྱོད་ཚུལ་འཛུགས་སྐྱོང་འགན་ལེན་དུ་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་ཁོ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་ཡོད་འགན་འཁུར་བས་ཏང་འཛུགས་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེ་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།