[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས།

    ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-30

    ཚེས་26ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་གྱི་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་ཀྱི་སྐབས་དགུ་པའི་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་2016ལོར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་སྤེལ་བར་ཕྱོགས་སྡོམ་བྱས་ཁར་2017ལོའི་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

    འདས་ཟིན་པའི་ལོ་གཅིག་རིང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་སེམས་ནང་འཇོག་པ་དང་། ཕྲག་ཐོག་ཏུ་འཁུར་བ། དམ་འཛིན་བྱེད་པ་བཅས་བྱས་ནས་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་སྒྲུབ་པ་དང་། “གནས་གཅིག་འགན་གཉིས”དོན་འཁྱོལ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་དང་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་པ་རེད།

    འདི་ལོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་2016ལོར་ལྗོངས་ཏང་ཨུད་སྐོར་ཞིབ་ཚོགས་ཆུང་དང་པོས་བཏོན་པའི་དག་ཐེར་བླང་བྱ་གཙོ་གནད་དུ་བྱས་ནས་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། འགོ་ཁྲིད་ལ་ཤུགས་སྣོན། བླང་བྱ་ཁ་གསལ། བྱེད་ཐབས་ཞིབ་བཟོ། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་སེམས་པ་ཆེ་རུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ནན་པོ་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་སྲོལ་ཨང་དང་པོར་འཇོག་པ། རྒྱུན་མཐུད་ཤུགས་འདོན་དང་སྲོལ་བཟང་སྒྲིག་ནན་སྤྱོད་པ། སྒྲིག་ཁྲིམས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་སྡེ་ཚན་དང་མཐུན་སྦྱོར་གྱིས་ལས་སྒོའི་ལས་དོན་སྤེལ་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྤེལ་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ལས་ཁུངས་ཀྱི་ཆབ་སྲིད་ཁོར་ཡུག་བཟང་པོ་ཞིག་གཏོད་ཁར་དྲིལ་བསྒྲགས་རིག་གནས་བསམ་བློའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཀྱང་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།