[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཝུའུ་དབྱིང་ཅེ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཝུའུ་ལུའུ་མུའུ་ཆི་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཞུའེ་ཅུན་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-22

    ཚེས་18ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཝུའུ་ལུའུ་མུའུ་ཆི་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཞུའེ་ཅུན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཝང་རུའེ་ལན་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    དང་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལི་ཞུའེ་ཅུན་དང་བཅས་པ་བོད་དུ་བརྟག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་པ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱིས་ཡུན་རིང་རང་ལྗོངས་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་རོགས་རམ་ཧུར་ཐག་གནང་ནས་རང་སྐྱོང་ལྗོངས་གཉིས་དབར་ཐོག་མཐའ་བར་གསུམ་དུ་འབྲེལ་བ་ཟབ་མོ་ལྡན་ཡོད། འཕེལ་རྒྱས་དང་བརྟན་ལྷིང་དང་མཐའ་སྲུང་མཐའ་བརྟན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ཐད་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་ལྡན་ནས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་

    བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁྲོད་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་པས་བྱ་ཐབས་ནུས་ལྡན་མང་པོ་ཞིག་ང་ཚོས་སློབ་སྦྱོང་བྱེད་པ་དང་མིག་དཔེ་ལྟ་འོས་པ་ཞིག་ཡོད་པས་ཕྱོགས་གཉིས་པོས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་དང་། ཕན་ཚུན་སློབ་སྦྱོང་། གཞོགས་འདེགས་དམ་ཟབ་བཅས་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཁག་ཐུན་མོང་ཐོག་ཡག་པོ་བསྒྲུབ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    མཇུག་ཏུ་ཝུའུ་དབྱིང་ཅེས་བློ་མཐུན་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་རིང་བསམ་བློར་བཅིངས་འགྲོལ་གཏོང་བ་དང་འགན་ཁུར་ཕོད་པའི་ཐོག་ནས་ང་ཚོ་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་མཐའ་སྐྱོང་བོད་བརྟན་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུའི་སྣེ་ཁྲིད་གནང་ནས་དམག་འཐབ་ཀྱི་རྒྱལ་ཁ་རེ་རེ་བླངས་པར་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་དབར་བརྩེ་སེམས་ཟབ་མོ་ཆགས་པ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བརྗེད་མི་སྲིད། བརྟག་ཞིབ་ཚོགས་ཆུང་གིས་ཧྲུའུ་ཅི་ཁྲེན་ཆོན་གོར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལི་ཞུའེ་ཅུན་གྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཁྲེན་ཆོན་གོས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་ད་ཐེངས་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་མིག་མཐོང་ལག་ཟིན་བྱུང་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་མཉམ་གནས་དང་ཁྱིམ་ཚང་གཅིག་ལྟ་བུའི་ཞི་མཐུན་གྱི་རྣམ་པ་ཚོར་བྱུང་བས་སེམས་འགུལ་དང་ལྕག་སྐུལ་ཟབ་མོ་ཐེབས་བྱུང་། ཤིན་ཅང་དང་བོད་གཉིས་ཀྱིས་འབྲེལ་མཐུད་དང་རོགས་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་གི་སྤེལ་རེས་མཉམ་ལས་སྔར་བས་རྒྱ་ཆེ་བ་དང་རིམ་པ་སྔར་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཤིན་ཅང་དང་བོད་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།