[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི (རྒྱ་ཆེའི)ཚོགས་འདུ་འཚོགས་པ།

    ​ ཆེ་དགྲ་ལྷས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་ སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་ བརྟན་པོ་གཏོང་བར་སློབ་སྦྱོང་དང་། ཚད་ལོན། ལེགས་གཏོང་ བཅས་ཐད་རྒྱུན་སྲིང་ལྷོད་མེད་ངང་འབད་པ་ཧུར་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-18

    ཚེས་16ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་གཙོ་སྐྱོང་གནང་སྟེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། རང་ལྗོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་རེད།

    ཆེ་དགྲ་ལྷས་ནན་བཤད་གནང་དོན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ལས་འགན་དང་། འགག་རྩའི་བྱ་ཐབས། ཚན་རིག་དང་མཐུན་པའི་ཐབས་ཤེས། འགན་འཁྲིའི་བྱེད་པོ། གཞི་རྩའི་བླང་བྱ་བཅས་གསལ་སྟོན་གནང་བ་དང་ང་ཚོར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་ཙུའུ་ཡིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས“འདུ་ཤེས་བཞི”བརྟན་པོ་འཆང་བ་དང་། བྱ་སྤྱོད་ངོ་མར་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་གནད་སྨིན་བཅས་བྱེད་དགོས།

    གཅིག་ནས་རྒྱུན་སྲིང་ལྷོད་མེད་ངང“སློབ་སྦྱོང”ལ་འབད་པ་ལྷུར་ལེན་བྱེད་དགོས། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱེད་པ་རྒྱུན་གཏན་གྱི་སློབ་གསོའི་རྨང་གཞིའི་ནང་དོན་ལ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་སློབ་སྦྱོང་ནན་ཏན་བྱས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་དམ་འཛིན་བྱེད་པའི་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་དགོས།

    གཉིས་ནས་རྒྱུན་སྲིང་ལྷོད་མེད་ངང“ཚད་ལོན”ལ་འབད་པ་ལྷུར་ལེན་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་སོགས་ཀྱི་ཐད“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱེད་དགོས་ཤིང་། 《ཚད་གཞི》དང《སྲོལ་ཡིག》ལ་བརྩི་སྲུང་ནན་པོ་ཞུ་བ་དང《སྲིད་གཞུང་གི་ལས་ཀའི་སྒྲིག་ལམ》དང《ཏང་ཙུའི་ལས་ཀའི་སྒྲིག་ལམ》ལ་ནན་པོ་གཞིགས་པ་གཉིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་སྲུང་བརྩི་ཞུ་བ་དང་། ལམ་ལུགས་ཀྱི་གཅུན་སྡོམ་ནན་དུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་བ། དབང་ཆ་བེད་སྤྱོད་ཚད་ལྡན་གཏོང་བ། མིག་དཔེའི་ནུས་པ་བཏོན་ཏེ་རིམ་པ་བཞིན་སྒུལ་ཤུགས་སྤྲོད་པ་དང་གཉེན་ཉེ་བུ་ཕྲུག་ལ་དོ་དམ་ནན་པོ་བྱས་ནས“ཚད་ལོན་བཞི”ལག་བསྟར་ལ་ཤུགས་སྣོན་རྒྱག་པ། རྩ་འཛུགས་ལ་བློ་དཀར་སེམས་དཀར་བྱས་ཏེ་རང་རྟོགས་ངང་སྒེར་གྱི་འབྲེལ་ཡོད་གནད་དོན་ཇི་མ་ཇི་བཞིན་རྩ་འཛུགས་ལ་ཞུ་བ་དང་རང་རྟོགས་ངང་རྩ་འཛུགས་ཀྱི་ལྟ་སྐུལ་དང་ལེན། ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་ཏང་ཀྲི་པུའི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་གཞི་རྩའི་ལམ་ལུགས་ལ་བརྟེན་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    གསུམ་ནས་རྒྱུན་སྲིང་ལྷོད་མེད་ངང“ལེགས་བཅོས”ལ་འབད་པ་ལྷུར་ལེན་བྱེད་དགོས། ཆབ་སྲིད་ལ་སྒྱིད་ལུག་དང་སྣང་ཆུང་བྱེད་པའི་གནད་དོན་མཐའ་གཅིག་ཏུ་བསལ་ནས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་དང་། འགན་འཁྲི་འཁུར་ཕོད་པར་ལྕག་སྐུལ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་ལམ་སྲོལ་བཟང་པོ་ཧུར་ཐག་འཛུགས་པ་དང་། “ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་སྒྱུར་བཅོས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་ཆབས་ཅིག་སྲིད་གཞུང་གི་མ་འཇོག་ཐེབས་རྩ་དང་། ཐོན་ལས་རོགས་སྐྱོར་མ་དངུལ། དབུལ་སྒྲོལ་འགག་སྒྲོལ། སློབ་གསོ། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་མ་དངུལ་གྱི་ཞིབ་བཤེར་ལྟ་སྐུལ་ལས་དོན་གཙོ་གནད་ཡག་པོ་བསྒྲུབས་ཏེ་སྤྱི་པའི་མ་དངུལ་ལ“བདེ་འཇགས་ཀྱི་སྒོ་ལྕགས”རྒྱག་པ་དང“རྐུན་འགོག་སྒོ”སྒེར་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”ལ་སྲུང་བརྩི་ནན་པོ་ཞུས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་རྒྱུན་སྲིང་ལྷོད་མེད་ངང་ཡོ་བསྲང་བྱེད་དགོས།

    ཆེ་དགྲ་ལྷས་རིམ་ཁག་སྲིད་གཞུང་ཁོངས་གཏོགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་ཧ་ཅང་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་། ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲིའི་གསལ་ཐོའི་ནང་འཇུག་པ། བྱེད་པོའི་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་བ། སློབ་སྦྱོང་གི་རྣམ་པ་ཟབ་མོ་གཏོད་པ། ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་པ། རིམ་པ་བཞིན་དམ་འཛིན། རིམ་པ་བཞིན་དོན་འཁྱོལ་བཅས་ཀྱི་སྒོ་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ལ་དེ་བས་འཐབ་ནུས་ལྡན་པ་དང་། ཕུགས་བསམ་གྱི་དད་སེམས་དེ་བས་བརྟན་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་སྤྱོད་ཚུལ་སྔར་བས་ཏན་ཏིག་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།