[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་སོ་གཉིས་པ་འཚོགས་པ།

    བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཟླ་5ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་སོ་གཉིས་པ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ནས། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་སྟེ་ཏན་ཏན་ཏིག་ཏིག་གི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། སྐར་མ། ཀྲོའུ་ཁྲུན་ལའེ། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ལི་ཝུན་ཧན། ཉི་མ་ཚེ་རིང་བཅས་དང་དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ལེའང་ཀང་གིས་མི་དོན་དོན་གནད་སྐོར་གྱི་གསལ་བཤད་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་སྐར་མས་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ་གནང་བ་རེད།

    ཚོགས་འདུའི་ཐོག་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། གོ་གནས་བསྐོ་འཐེན་དོན་གནད་གཏན་འཁེལ་བྱས་ཏེ་ཧྥང་ལིང་མིན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེའི་གོ་གནས་ནས་འཐེན་རྒྱུ་དང་། ཀྲང་ཡུང་ཙེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་བསྐོ་འཐེན་དོན་གནད་གཞན་དག་ལ་གྲོས་འཆམ་བྱུང་བ་རེད། བློ་བཟང་རྒྱལ་མཚན་གྱིས་གསར་དུ་གོ་གནས་བསྐོ་བཞག་བྱས་པའི་མི་སྣར་ལས་གནས་བསྐོ་གཞག་ཡི་གེ་སྤྲད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསར་དུ་གོ་གནས་བསྐོ་བཞག་བྱས་པའི་མི་སྣར་རྩ་འཛུགས་ཀྱི་ཡིད་ཆེས་དང་རེ་བ་དང་། མི་དམངས་ཀྱིས་སྤྲད་པའི་དབང་ཆ་དང་མངགས་བཅོལ་ཟབ་མོ། དུས་རབས་ལས་བྱུང་བའི་གོ་སྐབས་དང་ལས་སྟེགས་བཅས་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་དང་། ཁྲིམས་སྐྱོང་གི་བསམ་བློ། ཡར་བརྩོན་གྱི་ལྟ་བ། འགན་འཁུར་གྱི་སྙིང་སྟོབས་བཅས་དེ་བས་ཆེན་པོས་འགན་འཁྲི་དང་ལས་སྐལ་ངོས་འཛིན་གསལ་པོ་དང་རྩ་ཁྲིམས་ཀྱི་དམ་བཅར་སྲུང་བརྩི་ནན་པོ་ཞུས་ནས་ལས་དོན་ཧུར་ཐག་བསྒྲུབས་ཏེ་ལས་གནས་གསར་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། གཅིག་ནས“འདུ་ཤེས་བཞི”བརྟན་པོ་བཅངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་བརྩི་མཐའ་གཅིག་ཏུ་ཞུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་གནས་བབ་མཐའ་གཅིག་ཏུ་སྲུང་བ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་མིག་དཔེ་ཞིག་བྱེད་དགོས། གཉིས་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྣེ་ཁྲིད་དེ་ཁྲིམས་སྲུང་བ་དང་། ཁྲིམས་སྦྱོང་བ། ཁྲིམས་སྤྱོད་པ་བཅས་བྱེད་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་བྱེད་པ། ཁྲིམས་སྐྱོང་གི་བོད་ལྗོངས་དང་། ཁྲིམས་སྐྱོང་གི་སྲིད་གཞུང་། ཁྲིམས་སྐྱོང་གི་སྤྱི་ཚོགས་བཅས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁྲིམས་ལྟར་ལས་དོན་སྒྲུབ་པའི་མིག་དཔེ་ཞིག་བྱེད་དགོས། གསུམ་ནས་དངོས་སྒྲུབ་ཀྱི་སྙིང་སྟོབས་ཆེ་རུ་བཏང་ནས“གྲུབ་འབྲས་ང་གཅིག་པུར་བརྟེན་ནས་བྱུང་བ་ཞིག་མིན་རུང་། གྲུབ་འབྲས་གཏོད་པའི་ནང་ང་ངེས་པར་དུ་ཞུགས་དགོས་པའི”འདུ་ཤེས་བཅངས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དྲང་པོ་དྲང་གཞག་དང་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་ཆེན་པོར་བརྟེན་ནས་ཕུགས་ལ་ཕན་པ་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱ་བཟང་དང་བྱ་བ་དངོས་མང་ཙམ་སྒྲུབ་དགོས་པ་དང་། འགན་འཁུར་ཕོད་པ་དང་། འགན་འཁུར་མཁས་པ། སྙིང་རུས་ལས་བརྩོན། རང་རྟོགས་ལས་སྒྲུབ། ཕན་འབྲས་དངོས་དོན་གཉེར་བ་བཅས་བྱས་ཏེ་དངོས་སྒྲུབ་འགན་འཁུར་གྱི་མིག་དཔེ་ཞིག་བྱེད་དགོས། བཞི་ནས་སྤྱོད་གཙང་རང་གཅུན་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཨང་དང་པོར་བཞག་སྟེ་བྱ་སྤྱོད་དངོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། མི་གཙང་མ་གཙང་རྐྱང་ཞིག་བྱེད་པ་དང་། བྱ་བ་དྲང་པོ་དྲང་གཞག་སྒྲུབ་པ། ལས་དོན་དོ་དོ་ནན་ནན་སྒྲུབ་པ་བཅས་ཀྱི་སྒོ་ནས་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་ཞིག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། བློ་བཟང་རྒྱལ་མཚན་གྱིས་གསར་དུ་གོ་གནས་བསྐོ་གཞག་བྱས་པའི་མི་སྣའི་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ལྟ་སྐུལ་ཀྱང་གནང་བ་རེད། ཀྲང་ཡུང་ཙེས་ཀྲུའུ་ཆང་དང་། སྐར་མ་ཚེ་བརྟན། ཤའོ་ཁྲོན་ཅང་། ལི་ཧྥུའུ་ཀྲུང་། ཡུམ་སྐྱབས་བཅས་ཀྱི་སྣེ་ཁྲིད་དེ་དམ་ཚིག་ཀློག་པ་དང་། སྐལ་བཟང་རིན་ཆེན་གྱིས་རྡོ་རྗེ་ཚེ་རིང་དང་། ཚེ་སྒྲོན། ལྷག་པ་ཕུན་ཚོགས། རྡོ་རིས། ཕུན་ཚོགས་བསྟན་འཛིན་བཅས་ཀྱི་སྣེ་ཁྲིད་དེ་དམ་ཚིག་བཀླགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།