[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ལིའུ་ཡུང་ཕུའུ་དང་ཆེ་དགྲ་ལྷས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

    424367_yis_1502338561236_s.jpg

    འདི་ནི་ཟླ་8ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ལིའུ་ཡུང་ཕུའུ(གཡས་ཀྱི་གཉིས་པ)དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ(གཡས་ཀྱི་དང་པོ)ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི“དུས་བཞི་བཀྲ་ཤིས་གྲོང་ཚོའི”བཀོད་སྒྲིག་ས་ཚིགས་སུ་ཕེབས་ནས་གྲོང་མིའི་ཡོང་འབབ་གནས་ཚུལ་བཀའ་འདྲི་གནང་བཞིན་པ།

     ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་བརྟག་ཞིབ་གནང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁས་ལེན་གང་ལེགས་གནང་ཡོད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    སྣུམ་ནག་འགྲོ་ལམ་གཙང་ཞིང་གྲལ་སྟར་འགྲིག་པ་དང་། བོད་ཁང་གི་སྟར་པ་ཚར་དུ་དངར་བ། གསར་གཏོད་ལས་གཏོད་ཀྱི་ཚོང་ཟོག་འགྲེམས་སྟོན་ཁྲོམ་བཀྱག་ཐོག་ཐོན་རྫས་སྣ་ཁ་མང་བ་བཅས“དུས་བཞིའི་བཀྲ་ཤིས་གྲོང་ཚོ”ནས་དགའ་འོས་པའི་སྣང་ཚུལ་ཞིག་ངང་གིས་མངོན་འོང་། གྲོང་མི་ཚེ་བརྟན་སྒྲོལ་དཀར་གྱི་ཁྱིམ་དུ་ལིའུ་ཡུང་ཕུའུ་དང་ཆེ་དགྲ་ལྷས་ཡོང་འབབ་དང་ལས་ཀའི་སྐོར་བཀའ་འདྲི་གནང་བ་དང་། ཚེ་བརྟན་སྒྲོལ་དཀར་གྱིས་ལག་ཤེས་བཟོ་རྩལ་ཧུར་ཐག་སྦྱངས་བཞིན་ཡོད་པ་མ་ཟད། གྲོང་ཚོའི་ལག་ཤེས་བསླས་འཐག་མཉམ་ལས་ཁང་ནང་ལས་ཀར་ཕྱིན་ནས་ཉིན་ལྟར་ཡོང་འབབ་སྒོར་100ཡོད་པ་ལིའུ་ཡུང་ཕུའུ་ཡིས་གསན་རྗེས་གྲོང་མི་རྣམས་ལས་བརྩོན་ཕྱུག་འགྱུར་བྱུང་འདུག་ཅེས་བསྔགས་བརྗོད་གནང་བ་མ་ཟད། ཚང་མའི་འཚོ་བ་སྔར་ལས་ལེགས་སུ་འགྲོ་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།

    གྲ་ནང་རྫོང་དུ་ལིའུ་ཡུང་ཕུའུ་དང་ཆེ་དགྲ་ལྷས་སྔ་རྗེས་སུ་ཡུལ་རྩྭ་མུའུ་ཁྲིའི་སྣོད་བཅུད་ཉམས་གསོའི་རྩི་ཤིང་འདེབས་འཛུགས་གསོ་སྤེལ་རྟེན་གཞི་དང་། དབྱི་ལིས་ཚོགས་པའི་མུའུ་སྟོང་ཟིན་པའི་སྤུས་ལེགས་ཤིང་མངར་འདེབས་འཛུགས་དཔེ་སྟོན་ཁུལ། སྣོད་བཅུད་བྱེ་བཅོས་རྟེན་གཞི། བསམ་ཡས་གྲོང་རྡལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་སོགས་ལ་བརྟག་ཞིབ་གནང་བ་རེད། ལིའུ་ཡུང་ཕུའུ་ཡིས་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་གནས་སྤོས་མང་ཚོགས་རྣམས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་པ། ཕྱུག་པོ་ཆགས་པ་བཅས་དངོས་འབྲེལ་ཡོང་བ་བྱས་ནས“ཡུལ་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་དེ་གའི་མི་གསོ་མི་ཐུབ་པའི”དཀའ་གནད་སེལ་དགོས་པ་དང་། ཁེ་ལས་ཀྱིས་ཐོན་ལས་དབུལ་སྐྱོར་བྱེད་རིང་སྐུལ་འདེད་ནུས་པ་ཡག་པོ་བཏོན་ནས་ཁོར་ཡུག་སྲུང་སྐྱོང་དང་འབབ་འཕར་ཕྱུག་འགྱུར་ཟུང་འབྲེལ་དང་། སྣོད་བཅུད་དང་ཐོན་ལས་ཟུང་འབྲེལ། ཁེ་ལས་འཕེལ་རྒྱས་དང་སྣོད་བཅུད་བཅོས་སྒྲིག་ཟུང་འབྲེལ་བཅས་བྱས་ཏེ་སྣོད་བཅུད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་ཕྱོགས་མང་པོར་ཕན་ཐོགས་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ལིའུ་ཡུང་ཕུའུ་ཡིས་བོད་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་དམིགས་བསལ་གནས་བབ་དང་དམིགས་བསལ་དོན་སྙིང་ལྡན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་དང་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་ཀའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་གཞིགས་པ། གནད་སྨིན་ཡོང་བར་དམིགས་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཞིབ་དཔྱད་ནན་པོ་བྱེད་པ། “ཕར་ཆིན་རྒྱག་པའི”སྙིང་རུས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།