[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཅང་ཅེས་མངའ་རིས་ས་ཁུལ་དུ་ལྟ་བཤེར་དང་རྟོག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    ཟླ་10ཚེས་4ནས་ཚེས་7ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དང་སྤུ་ཧྲེང་རྫོང་སོགས་སུ་ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་ལྟ་བཤེར་དང་ཞིབ་བཤེར་གནང་བར་ཕེབས་ཤིང་། ཁོང་གིས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་། དཔུང་སྡེའི་དཔོན་དམག གྲོང་སྡོད་དགོན་སྡོད་ལས་བྱེད་པ། གྲྭ་བཙུན། རྒན་རྒོན་ཕོ་ཧྲེང་མོ་ཧྲེང་། གཞི་རིམ་ལས་བྱེད་པ་བཅས་ལ་འཚམས་འདྲི་གནང་བ་དང་། མཐོ་ལྡིང་དགོན་དང་། པ་ཏྲ་སྤྱི་བདེ་ཞིབ་བཤེར་ས་ཚིགས། རྩྭ་མདའ་རྫོང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ། རྒྱལ་ལམ་565ཡི་གཞུང་ལམ་གསར་སྐྲུན་ལས་གྲྭ རྩྭ་མདའ་དང་སྤུ་ཧྲེང་རྫོང་གྲོང་གི་ས་འོག་ཕྱོགས་བསྡུས་མདོང་ལམ། དེ་བཞིན་སྤུ་ཧྲེང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སོགས་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་ས་གནས་ས་ཐོག་ནས་རྟོག་ཞིབ་གནང་བ་རེད།

    ཅང་ཅེས་མངའ་རིས་ས་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེར་སྐྱེད་བྱེད་པ། བག་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། འགན་ལེགས་པར་ཁུར་བའི་རྣམ་འགྱུར་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་སེམས་ནང་དུ་ངེས་པ་དང་། ཕྲག་ཐོག་ཏུ་འཇོག་པ། དམ་འཛིན་ནན་པོ་བྱེད་པ། འགན་འཁུར་ཕོད་པར་བྱེད་པའི་སྙིང་སྟོབས་ཐོག་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་ལུགས་མཚོན་པར་བྱེད་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།