[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • སྤེན་པ་བཀྲ་ཤིས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་མཉམ་འབྲེལ་དྲ་རྒྱའི་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་སྤེན་པ་བཀྲ་ཤིས་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་དོན་ཁང་། ཆབ་མདོ་ཚགས་པར་ལས་ཁུངས། གྲོང་ཁྱེར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལས་ཁུངས་བཅས་སུ་ཕེབས་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ལས་བྱེད་ལས་བཟོ་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས“འབད་འབུངས་སྟོབས་བརྩོན་གྱི་ལོ་ལྔའི”བརྗོད་བྱ་གལ་ཆེན་མུ་མཐུད་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་དང་། གྲུབ་འབྲས་དྲིལ་བསྒྲགས། དཔེ་མཚོན་དྲིལ་བསྒྲགས་བཅས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་ལུགས་དྲིལ་བསྒྲགས་ཤུགས་ཆེན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན། བོད་ཀྱི་འབད་འབུངས་སྟོབས་བརྩོན་གྱི་ལོ་ལྔའི་རིང་། བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པའི་ཐོག་ནས་མི་སེམས་ལ་སྐུལ་མ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་། དམིགས་ཚད་ལས་འགན་ལ་དཔྱད་ཞིབ་ནན་པོ། སྒྲིག་གཞི་མི་འགྱུར་བ་དང་། མི་སྣ་ཁ་མ་ཐོར་བ། སྟོབས་ཤུགས་མ་ཆག་པ། ངར་ཤུགས་མ་ཉམས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། སང་ལོའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྔོན་ཚུད་ནས་འཆར་འགོད་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།