[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

    ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས་ས་མཐོའི་ས་གཞི་ཆེན་པོའི་ཐོག་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཚོ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ནང་མགྱོགས་མྱུར་ཞུགས་པ་རེད། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་ཕེབས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་བརྩེ་སེམས་དང་འགན་འཁྲི་བློ་ལ་བཅངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ནས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཏན་ཏིག་དང་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གངས་ལྗོངས་ས་མཐོར་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་སྒྲོག་འགྲེལ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ངོ་ཐུག་གདོང་འཕྲད་ངང་བསམ་ཚུལ་སྤེལ་རེས་དང་གཅིག་སེམས་གཅིག་སྦྲེལ་ངང་ཕུགས་འདུན་ལྷུག་པོར་གླེང་ཞིང་། ཆེ་དགྲ་ལྷས་གཞི་རིམ་གྱི་ཏང་ཡོན་མང་ཚོགས་དང་ལྷན་དུ་ས་སྟེང་དུ་བཞུགས་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་བྱེད་པའི་བསམ་ཚུལ་དང་མྱོང་ཚོར་མཉམ་རོལ་གནང་བ་དང་འབྲེལ་ཏང་ཡོན་མང་ཚོགས་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་གནང་བ་རེད། ཆེ་དགྲ་ལྷས་གནང་བའི་གསལ་འགྲེལ་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ལ་ཁ་གསལ་ལ་གོ་བདེ་བ་ཞིག་ཡོད་ཅིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད། དེ་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་ལ་ང་ཚོ་མི་ཚང་མའི་འཚོ་བ་དང་ཡང་འབྲེལ་བ་ཡོད། རྒྱལ་ཡོངས་དང་འདྲ་བར་འདས་ཟིན་པའི་ལོ་ལྔའི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཏང་གི་གཙོ་འཛིན་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་བཅས་ལས་བྱུང་བ་ཞིག་ཡིན། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཉིང་བཅུད་དང་ལྟེ་བའི་དོན་སྙིང་ལ་གནད་ལ་འཁེལ་བའི་ངང་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་དགོས།

    སྤྱོད་གོ་ཆོད་ལ་ནུས་པ་ལྡན་པའི་བྱ་ཐབས་ཤིག་ནི་ཉེ་འགྲམ་གྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་དེ་བཞིན་ཁྱིམ་ཚང་དང་མི་ཚང་མའི་ལས་ཀ་དང་འཚོ་བའི་འགྱུར་ལྡོག་དང་འབྲེལ་བ་དམ་ཟབ་བྱས་ནས་སློབ་སྦྱོང་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ”དང་“ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར”“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཡིན་པ”“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་གསར་པ”“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ”སོགས་ལ་གོ་བ་ལེན་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས་ཏང་གི་བཀའ་དྲིན་ཚད་མེད་དྲན་པའི་བརྩེ་སེམས་འཆང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་ཚད་མེད་བྱེད་པའི་བརྩེ་སེམས་འཆང་བ། བོད་ལ་དགའ་ཞེན་ཚད་མེད་བྱེད་པའི་བརྩེ་སེམས་འཆང་བ་བཅས་བྱས་ནས་ལས་ཀའི་ལག་ལེན་ལ་དམིགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བྱས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། རང་ངོས་ཀྱི་དཀའ་སྤྱད་འབད་འཐབ་བཅས་ཟུང་འབྲེལ་བྱས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ་དང་། གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་ཕན་ཚུན་དམ་པོར་སྦྲེལ་བ་དང་སྤགས་གོང་བཞིན་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་མཉམ་དུ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    ཏང་ཡོན་རྒན་གྲས་ཚེ་དབང་རྡོ་རྗེས་ཉེ་བའི་ལོ་ཤས་རིང་བོད་ལ་འཕོ་འགྱུར་ཆེན་པོ་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་པས་ཚང་མས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད། ང་ཚོས་ངེས་པར་དུ་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཏན་ཏན་ཏིག་ཏིག་གི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    སྒྲོག་འགྲེལ་གནང་རིང་ཆེ་དགྲ་ལྷས་ད་དུང་པད་ནག་གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།