[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • སྤེན་པ་བཀྲ་ཤིས་ཀྱིས་ཧྥ་རན་སེའི་གནས་ཚུལ་དངོས་མཚོན་གློག་བརྙན་གྱི་གྲཌ་ཅན་འཁྲབ་ཁྲིད་པ་ཁཱ་ལེ་དང་བཅས་པར་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཧྥ་རན་སེའི་གནས་ཚུལ་དངོས་མཚོན་གློག་བརྙན་གྱི་གྲགས་ཅན་འཁྲབ་ཁྲིད་པ་ཁཱ་ལེ་དང་བཅས་པར་མཇལ་འཛོམས་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས། ད་ཆ་བོད་ཀྱི་ལྗོངས་ཡོངས་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་གཏིང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་གོང་བཀུར་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བརྗིད་ཆེའི་འཆར་གཞི་བཀོད་པར་སེམས་འགུལ་ཚད་མེད་ཐེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པས། བོད་རྒྱལ་ཡོངས་དང་མཉམ་དུ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་པ།

    སྤེན་པ་བཀྲ་ཤིས་ཀྱིས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་གཏིང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཀྲུང་གོ་གུང་ཁྲན་ཏང་རང་ཉིད་ཀྱི་མགོན་སྐྱབས་སུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་གི་ཡོད་ཅེས་གསུངས།

    ད་དུང་སྤེན་པ་བཀྲ་ཤིས་ཀྱིས་བོད་གསར་རྙིང་བསྡུར་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྣོད་བཅུད་སོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།