[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཅང་ཅེས་གཞུང་ལམ་གྱི་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

    ཚེས་2ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་རྩེད་གོང་གཞུང་ལམ་དང་། S5ལམ་ཐིག་གི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དུ་ཕེབས་ནས་རྣམ་གྲངས་སྐྲུན་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་འཐབ་ཕྱོགས་དང་པོའི་འཛུགས་སྐྲུན་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    ས་ཆ་དངོས་དུ་རྩེད་གོང་གཞུང་ལམ་དང་། S5 ལམ་ཐིག་གི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཨར་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་རྗེས། ཅང་ཅེས་རྣམ་གྲངས་དེ་གཉིས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ཆ་ནས་ལྗོངས་ཡོངས་ཀྱི་ལམ་དྲའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ཁུར་ཡོད། རྩེད་གོང་གཞུང་ལམ་དང་། S5ལམ་ཐིག་གི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ་ནི་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་བོད་ཀྱི་དཔལ་འབྱོར་ལྟེ་བའི་ཁུལ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་དང་། བོད་དབུས་ཀྱི་ཆུ་ཚོད་1གི་དཔལ་འབྱོར་འཁོར་རྒྱ་དང་། ལྗོངས་ཡོངས་ཀྱི་ཆུ་ཚོད་3གྱི་དཔལ་འབྱོར་འཁོར་རྒྱ། ཆུ་ཚོད་3གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཁོར་རྒྱ་བཅས་སྐྲུན་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། རྣམ་གྲངས་སྐྲུན་འགོ་ཚུགས་ཚུན་འབྲེལ་ཡོད་སྡེ་ཚན་ཁག་དང་འཛུགས་སྐྲུན་ལ་ཞུགས་མཁན་ཚན་པ་ཁག་གིས་དོ་དམ་ལ་ཤུགས་སྣོན་དང་། སྤུས་ཚད་ལ་ཚོད་འཛིན་ནན་པོ། འཕེལ་རིམ་ལ་དམ་འཛིན་ནན་པོ་བཅས་བྱས་པས་རྣམ་གྲངས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།