[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • 《བོད་ལྗོངས་གསར་པ》ཞེས་པའི་དུས་དེབ་ཐོག་བློ་མཐུན་ཝུའུ་དབྱིང་ཅེའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་སྤེལ་བ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་དུས་རབས་གསར་པའི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    ཟླ་12ཚེས་6ཉིན་པར་སྐྲུན་བྱས་པའི་2017ལོའི་དུས་ཐེངས་12པའི《བོད་ལྗོངས་གསར་པ》ཞེས་པའི་དུས་དེབ་ཐོག་བློ་མཐུན་ཝུའུ་དབྱིང་ཅེའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་དུས་རབས་གསར་པའི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས》ཞེས་པ་སྤེལ་ཡོད་པ་རེད། 

    རྩོམ་ཡིག་དེ་ཆ་ཤས་གསུམ་ལ་དབྱེ་ཡོད་པ་སྟེ། ཏང་གི་ཚོཌ་ཆེན་བཅུ་དགུ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེཌ་བྱེད་དགོས་པ་དང་གཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས་པ་དང་གཉིས། ཏང་གི་ཚོཌ་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་གསུམ་བཅས་སོ། 

    རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་རང་རེའི་ཏང་དང་རྒྱལ་ཁབ་ལ་དུས་རབས་འབྱེད་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད། ཚོགས་ཆེན་ཐོག་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པ་དང་སྲིད་དོན་གལ་ཆེན་ཐད་ལ་ལག་ལེན་དངོས་ཀྱི་གནད་དོན་ཐོག་ནས་གསལ་བཤད་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལ་འཐབ་ཇུས་བཀོད་སྒྲིག་བྱས་ཤིང་། ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དེ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པ་དང་ལེའུ་གསར་པ་མུ་མཐུད་རྩོམ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱ་རྒྱུ་ནི་མིག་སྔའི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་རེད། 

    རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པར་དང་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་ལ་སློབ་སྦྱོང་ཡག་པོ་བྱེད་པ་དང་གོ་བ་ཡག་པོ་ལེན་དགོས་ཤིང་། 

    གཅིག་ནས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་ཕུན་སུམ་ཚོགས་པའི་ནང་དོན་ལ་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་གི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། གཉིས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གདེང་ཚོད་དང་སྤོབས་སེམས་སྔར་བས་ཆེ་རུ་གཏོང་དགོས་པ། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་ལ་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་རང་རེའི་ཏང་གི་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ། བཞི་ནས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པར་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་བོད་ཀྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་གཙོ་གནད་དུ་ཐག་གཅོད་ནུས་ལྡན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་སྔར་ལས་ལེགས་པ་སྐོང་དགོས་པ། ལྔ་ནས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས་པ། དྲུག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དགོངས་དོན་སྙིང་པོར་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་དངོས་སུ་སློབ་སྦྱོང་དང་། དངོས་སུ་ཤེས་པ། དངོས་སུ་ཡིད་ཆེས། དངོས་སུ་བེད་སྤྱོད་བཅས་ཏན་ཏིག་བྱེད་དགོས་པ། བདུན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་སྔར་བས་ལེགས་པར་བྱེད་དགོས་པ། བརྒྱད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གོམ་སྟབས་གཉིས་ལ་བགོས་ནས་བསྐྱོད་རྒྱུའི་དམིགས་ཚད་གསར་པར་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་བོད་ཀྱི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་ལས་ཀ་ཧུར་ཐག་བྱེད་པ་དང་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་འདོན་དགོས་པ། དགུ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་པ་དང་། དེ་བཞིན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག མེས་རྒྱལ་གཅིག་གྱུར། ཕྱི་འབྲེལ་ལས་དོན་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་ལེན་དགོས་པ། བཅུ་ནས་ཏང་ནན་པོས་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བའི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པར་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་གངས་ལྗོངས་ས་མཐོར་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྣོད་བཅུད་ཏན་ཏིག་གཏོད་དགོས་པ་བཅས་རེད། 

    རྩོམ་ཡིག་ནང་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན“གསལ་པོ་ཤེས་པ”དང་། “མཐར་ཕྱིན་པ་ཤེས་པ” “དོན་འཁྱོལ་ཏན་ཏིག”བཅས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ཡག་པོ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་གང་མགྱོགས་འཕྱུར་བ་བྱེད་དགོས། མགོ་ནས་མཇུག་བར་དང་། ཇི་མ་ཇི་བཞིན། ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པ་བཅས་ཀྱི་རྨང་གཞིའི་ཐོག གཙོ་གནད་མངོན་གསལ་དོད་པོ་དང་འགག་རྩར་དམ་འཛིན་བྱས་ནས་དགོངས་དོན་གྱི་སྙིང་པོ་དང་སྲོག་ཤིང་གི་དོན་གནད་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བྱས་ནས་ཤུགས་རྒྱག་ས་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་དགོངས་པ་ཞིག་ཡིན་པའི་ཐོག་གཅིག་སྡུད་དང་། ལོ་ལྔ་ཡི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཐོག་གཅིག་སྡུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་འགྱུར་བ་སོགས་ཀྱི་ཐད་ལ་བཏོན་པའི་ཆོད་གཏམ་གལ་ཆེན་གྱི་ཤུགས་རྐྱེན་ཟབ་མོའི་ཐོག་གཅིག་སྡུད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་གཅིག་སྡུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་དང་མི་དམངས་ཀྱིས་གུས་བཀུར་ཐོབ་པའི་ཏང་གི་གཙོ་འཛིན་ངོ་གནོང་མི་དགོས་པ་ཞིག་ཡིན་པའི་ཐོག་གཅིག་སྡུད་བཅས་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་ཉིད་ང་ཚོས་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་དྲག་ཆས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།