[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཆེད་དོན་ཚོགས་འདུ་འཚོགས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

     ཚེས་9ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ནས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྒྱས་བཤད་གཏིང་ཟབ་གནང་ཡོད་པས། དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱིས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་ལེན་མཐའ་གཅིག་ཏུ་བསྟར་བ་བཅས་བྱས་ཏེ་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་འདི་ཉིད་ལས་དོན་ལ་འཆར་འགོད་བྱེད་པའི་རྩ་བའི་གཞི་འཛིན་ས་དང་། ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་གལ་ཆེན། ལས་ཀའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་རྩ་བའི་ཚད་གཞི་བཅས་ལ་བརྩིས་ནས་གསལ་པོ་ཤེས་པ་དང་མཐར་ཕྱིན་པ་ཤེས་པ་དང་སྦྱངས་པ་གོ་ཆོད་ཡོང་བ་བྱས་ཏེ་སློབ་སྦྱོང་ཡག་པོ་བྱེད་པ་དང་། མཐར་ཕྱིན་པ་ཤེས་པ་བྱེད་པ། དངོས་འབྲེལ་ཡིད་ཆེས་བྱེད་པ། དངོས་སུ་སྤྱོད་པ། ལས་དོན་དངོས་སྒྲུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། འདི་ལོའི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཀྱི་ལས་དོན་ཁག་འཆར་འགོད་ཡག་པོ་བྱས་ཏེ་འཆར་གཞི་སྔོན་ལ་འདིང་བ་དང་། འཆར་གཞི་ལུགས་དང་མཐུན་པ། འཆར་གཞི་གནད་ལ་འཁེལ་བ་བཅས་ཡོང་བ་བྱེད་དགོས། ལས་དོན་འཆར་འགོད་བྱེད་པར་དར་ཆ་མཐོན་པོར་སྒྲེང་བ་དང་བརྗོད་དོན་མངོན་གསལ་དོད་པོ་མཐའ་འཁྱོངས་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་ནན་པོ་ཁུར་རྒྱུ་མཐའ་འཁྱོངས་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་གནད་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། གཙོ་གནད་དང་སྤྱིར་བཏང་དང་། མིག་སྔ་དང་སླད་ཕྱིན། གསར་གཏོད་དང་མཐའ་འཁྱོངས། གྲངས་འབོར་དང་སྤུས་ཚད། འོས་པ་དང་བྱེད་ཐུབ་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡང་དག་བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པ་དང་། ནུས་པ་ལྡན་པ། ཕན་འབྲས་ལྡན་པ་བཅས་ལ་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།