[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་རྗེས་རབས་པ་ཁག་གཅིག་ལ་འཚམས་འདྲི་གནང་བ།

    ཀྲོང་ཡན་ལྷན་དུ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ནས་ལྷ་སར་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། “ལམ་བཞི་ནས་བོད་དུ་དཔུང་སྐྱོད་བྱེད་མཁན”འཐབ་འཛིང་པ་རྒན་གྲས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་རྗེས་རབས་པ་ཁག་གཅིག་བཅས་ལ་འཚམས་འདྲི་གནང་ནས་ཁོར་ཚོར་བླ་ན་མེད་པའི་གུས་བཀུར་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་ཆབས་ཅིག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་རྒྱ་ཆེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཚོར་བ་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ལི་ཝུན་ཧན། སྒྲོལ་དཀར་བཅས་ལྷན་དུ་ཕེབས་པ་རེད།

    འཚམས་འདྲི་ཞུ་རིང་མེ་ཏོག་ཆུན་པོ་ཕུལ་བ་དང་དཀར་གཙང་མཇལ་དར་སྒྲོན་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་ཤིང་། ཆེ་དགྲ་ལྷས་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་བསོད་ནམས་དར་རྒྱས་དང་། བྱམས་པ་དཀར་ལྡན། “ལམ་བཞི་ནས་བོད་དུ་དཔུང་སྐྱོད་བྱེད་མཁན”འཐབ་འཛིང་པ་རྒན་གྲས་ཚེ་རིང་སྒྲོལ་མ།

    ཏང་ཕྱིའི་རྒྱལ་གཅེས་འཐུས་མིའི་རྗེས་རབས་པ་དགའ་ལྡན་དཔལ་འབྱོར་བཅས་ལ་རེ་རེ་བཞིན་འཚམས་འདྲི་གནང་ནས་ཁོང་ཚོ་དང་ལྷན་དུ་བཞུགས་ཏེ་སྔར་སོང་གི་གཟི་བརྗིད་ལོ་ཟླར་མཉམ་དུ་རྗེས་དྲན་བྱེད་པ་དང་ཆབས་ཅིག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་ལྗོངས་ཀྱིས་བཏོད་པའི་མི་ཡུལ་གྱི་མཛད་རྗེས་རེ་རེ་བཞིན་ལྷུག་པོར་གླེང་གནང་བ་རེད། ཆེ་དགྲ་ལྷས་མྱོང་ཚོར་ཟབ་མོའི་ངང་བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་རང་རེའི་ཏང་གིས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཉམ་དུ་འབད་འཐབ་བྱས་ནས་ཐོབ་པ་ཞིག་ཡིན། དེའི་ནང་རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་བཅས་ཀྱི་རྔུལ་ཁྲག་དང་བློ་གྲོས་གཅིག་ཏུ་འདུས་ཡོད་པས་ཏང་དང་མི་དམངས་ཀྱིས་གཏན་ནས་བརྗེད་མེད་ལ། ང་ཚོའི་སེམས་སུ་ནམ་ཡང་གནས་ངེས་ཞེས་གསུངས་པ་རེད།

    འཚམས་འདྲི་བྱེད་རིང་ཆེ་དགྲ་ལྷས་སྤྲོ་སེམས་ཆེན་པོས་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་སྲིད་ཇུས་ཀྱི་ཐོབ་ཐང་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་ནུས་ཤུགས་ཡོད་རྒུས་བྱ་བ་དངོས་དང་བྱ་བཟང་སྒྲུབ་པ་དང་དཀའ་གནད་སེལ་ནས་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཡོང་བ་དང་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་ཁོང་ཚོའི་རྗེས་རབས་པས་རྟག་ཏུ་ཏང་གི་དྲོ་སྐྱིད་ཚོར་ནས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས་པའི་ནན་བཤད་ཡང་ཡང་གནང་བ་རེད།

    ཚང་མས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་ཕུལ་དགོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།