[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་བར་སྐོར་ཁྲོམ་གཞུང་དུ་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-03

    ཚེས་1ཉིན་གྱི་དགོང་མོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་བར་སྐོར་ཁྲོམ་གཞུང་དུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ཞབས་ཞུའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བརྟན་ལྷིང་སྲུང་སྐྱོང་དང་ལས་སྒྲུབ་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་ནས་ཁོང་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཆེན་གྱི་སི་ལིང་ཡོན་གཞོན་པ་ཁྲེན་ཏུང་དབྱི་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    མཚན་མོའི་བར་སྐོར་ཁྲོམ་གཞུང་བརྟན་ལྷིང་འཆམ་མཐུན་ཡོད་ཅིང་། ཏིང་ཡེ་ཤན་གྱིས་ལས་སྒྲུབ་ས་ཚིགས་བརྒྱུད་དེ་ཁུལ་གྱི་ཕྱོགས་གང་སར་གཟིགས་པ་དང་འབྲེལ་ལས་སྒྲུབ་བྱེད་བཞིན་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ཞབས་ཞུའི་ལས་དོན་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་གནང་ནས་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

    ཏིང་ཡེ་ཤན་གྱིས་དུས་ཆེན་རིང་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་གཏིང་གི་རེ་སྒུག་དང་ཐུན་མོང་གི་རེ་འདུན་ཞིག་ཀྱང་རེད། རིམ་པ་ཁག་དང་སྡེ་ཚན་ཁག་དང་། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་མི་སྣ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་རིག་པ་དྭངས་གསལ་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ལས་ཀའི་སྔོན་དཔག་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། རང་འགུལ་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་བཏང་ཐོག རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། རང་འགན་གཙང་སྒྲུབ་དང་། ཡང་འབད་བསྐྱར་འབད། མ་བྱུང་སྔོན་འགོག་བཅས་རྩ་དོན་དུ་འཛིན་པ་དང་། གནས་ཚུལ་ཆེན་པོ་ཐོན་རྒྱུ་སྔོན་འགོག་བྱ་རྒྱུ་རྨང་གཞིར་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལེགས་པར་སྒྲུབ་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་ཐུགས་བློ་བདེ་པོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།