[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་ཞབས་ཞུའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-05

    ཚེས་3ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས། ཞབས་ཞུ་དོ་དམ་བྱེད་ཐབས་དོན་འཁྱོལ་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲ་སྒྲིག་ཨང་གསར་དང་ནུས་ཤུགས་ཡོད་རྒུ་བཏོན་ཏེ་གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་གཏིང་ཟབ་ཏུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་རྫོང་རྒྱབ་ཀླུ་ཁང་གི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཁག་ཏུ་ཏིང་ཡེ་ཤན་གྱིས་ཕེབས་ཞོར་དུ་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། ལས་སྒྲུབ་བྱེད་བཞིན་པའི་ལས་དོན་པ་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་འབྲེལ་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་བྱེད་ཐབས་དོན་འཁྱོལ་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་ཡང་གནང་བ་དང་། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཤེས་དཔལ་ལྡན་པའི་ལས་སྒྲུབ་བྱེད་པ་དང་ཞབས་ཞུ་འཐུས་སྒོ་ཚང་པོ་ཡོད་པ། བདེ་འཇགས་ཞིབ་བཤེར་གྱི་བྱེད་ཐབས་ཁག་དམིགས་སར་འབྱོར་བ། སྤྱི་ཚོགས་ཀྱི་ངོས་བདེ་འཇགས་ཞི་མཐུན་ལྡན་པ་བཅས་ཡོད་པར་ཁས་ལེན་གང་ལེགས་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་མཐའ་འཁྱོངས་དང་ལྷོད་གཡེང་དང་བག་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་མ་བྱུང་སྔོན་འགོག་གི་རྩ་དོན་ལྟར་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་མ་ཐོན་པར་བྱེད་པའི་རྨང་གཞི་འདིང་བར་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བྱས་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱིས་ལྗོངས་ཡོངས་མུ་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། གཅིག་ནས་འབྲེལ་གཏུག་དང་། བརྒྱུད་རིམ་ལྡན་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གནད་དོན་ལ་ལྟ་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་འགོག་ལ་གཞི་ཚུགས་པ་དང་། སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། འབྱུང་རྩ་ནས་དམ་འཛིན་བཅས་མཐའ་འཁྱོངས་བྱེད་པ། ཆུང་ཙག་ནས་སྔོན་འགོག་དང་། རིམ་འགྱུར་སྔོན་འགོག དོགས་པ་ཡོད་སར་སྔོན་འགོག་བཅས་མཐའ་འཁྱོངས་བྱས་ཏེ་ཁུག་ཆ་མ་ལུས་པ་དང་། སྲུབས་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ལས་ཀའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། སྟོབས་ཤུགས་གཤམ་གཏོང་དང་འགག་སྒོ་མདུན་དུ་སྤོས་ནས་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནན་ཏན་དང་། ཏན་ཏིག ཞིབ་ཕྲ་བཅས་ཀྱི་སྒོ་ནས་ཡག་པོ་སྒྲུབ་དགོས་པ། གསུམ་ནས“གནོད་པའི་ནང་དུ་ཕན་པའི་རྒྱུ་རྐྱེན་ཡོད་ལ། ཕན་པའི་ནང་དུ་གནོད་པའི་རྒྱུ་རྐྱེན་ཡང་ཡོད་པ”དེའི་རྩོད་སྒྲུབ་ཀྱི་གནས་ལུགས་དང་མི་ཚེའི་སྐོར་གྱི་གནས་ལུགས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཕན་གནོད་གཉིས་ཕན་ཚུན་འབྲེལ་གཏུག་དང་ཕན་ཚུན་གཞན་སྒྱུར་བྱེད་དགོས། “ཕན་པ་གང་ནས་བྱུང་བ”ཤེས་དགོས་ལ། “གནོད་པ་སུ་ལ་ཕོག་ལུགས་ཀྱང”ཤེས་པར་བྱས་ཏེ། བདེ་སྡོད་སྐབས་ཉེན་ཁ་མི་བརྗེད་པ་དང་བཅོས་སྐྱོང་ཐུབ་ཀྱང་ཟང་ཟིང་མི་བརྗེད་པར་མཚམས་ཚིགས་རེ་རེ་བཞིན་བཀོད་སྒྲིག་དང་དམག་འཐབ་རེ་རེ་བཞིན་མུ་མཐུད་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ཡང་དག་བྱེད་དགོས།

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་སྨན་ཡོན་མི་དགོས་པར་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད། ཏིང་ཡེ་ཤན་བྱེད་སྒོ་སྤེལ་ཡུལ་དུ་ཕེབས་ནས་བྱེད་སྒོའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་གྲོང་མི་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་ཡང་གནང་བ་རེད། “ཡག་པོ་འདུག སྨན་པས་ད་ལྟ་རང་ཉིད་ལ་ཁྲག་ཤེད་བལྟས་བྱུང་བ་མ་ཟད། ཁྲག་ཤེད་གཅོག་བྱེད་ཀྱི་སྨན་ཡང་གནང་བྱུང་བས། དངོས་འབྲེལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་འདི་ལོ་ལོ་76ལ་སླེབས་པའི་ཨ་མ་ཆུང་བདག་གིས་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བཤད། ཏིང་ཡེ་ཤན་གྱིས་དམག་བཀུར་དམངས་གཅེས་ནི་ཏང་གི་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་དང་དམག་དམངས་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་བའི་ལས་དོན་གལ་ཆེན་ཞིག་རེད། དེར་བརྟེན་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་སེམས་ལ་བཞག་སྟེ་མི་དམངས་མང་ཚོགས་ལ་བྱ་བ་ཡག་པོ་མང་ཙམ་སྒྲུབ་པ་དང་དཀའ་གནད་མང་ཙམ་སེལ་དགོས་པ་དང་། གཞི་རྟེན་གལ་ཆེན་དང་ཐབས་ལམ་ནུས་ལྡན་སྤྱད་དེ་ཡུལ་བབ་དང་བསྟུན་ནས་བྱེད་སྒོའི་གཞི་རྟེན་དང་། བྱེད་ཐབས། བྱ་ཐབས་སོགས་གསར་གཏོད་དང་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཡག་པོ་སྤེལ་ནས་དམག་བཀུར་དམངས་གཅེས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།