[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཅང་ཅེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    ཚེས་11ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག སེར་གླིང་མཚོའི་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ཀྱི་འཕེལ་རིམ་སྙན་ཞུར་གསན་པ་དང་སྦྲགས་རང་ལྗོངས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་དེ་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་སུ་འཕེལ་རྒྱས་བཏང་ནས། མི་སེར་སྔར་བས་མང་པོར་སྣོད་བཅུད་ཡོང་འབབ་དང་ཡུལ་སྐོར་ཡོང་འབབ་རག་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཕེབས་པ་རེད།

    ཅང་ཅེས་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་བྱས་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཡིན་པ་དང་། སྔོ་ཞིང་དྭངས་པའི་རི་ཆུ་དང་གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཐོག་སྐྱེ་དངོས་སྣ་མང་རང་བཞིན་དང་འདམ་ར་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སེར་གླིང་མཚོའི་ཡུལ་སྐོར་གསར་སྤེལ་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དོན་འཁྱོལ་ཏན་ཏིག་བྱས་ཐོག་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར་སེར་གླིང་མཚོའི་རྣམ་གྲངས་མིང་འདོགས་དང་། འཛུགས་སྐྲུན་ཁ་ཕྱོགས། རྣམ་གྲངས་ངེས་གནས། འཛུགས་སྐྲུན་ནང་དོན། གནས་འདེམས་བཀོད་སྒྲིག་སོགས་ཡང་བསྐྱར་ཁ་གསལ་བཟོས་ནས་རྗེས་མཐུད་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་པར་བྱེད་དགོས། སེར་གླིང་མཚོའི་མཛེས་ལྗོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྲུང་སྐྱོང་ཁུལ་གྱི་མཚོན་རྟགས་དང་། འཛུལ་སྒོ་གཙོ་བོ། ལྕགས་ར་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞོར་གཏོགས་སྒྲིག་བཀོད་འཆར་འགོད་བཅས་བྱས་ནས། བདེ་འཇགས་དང་། སྟབས་བདེ། སྐྱིད་སྣང་དོད་པ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་བཏོད་དེ་མཛེས་ལྗོངས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གཉིས་ཁེ་ཡོང་ཅི་ཐུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།