[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ལྷ་སར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡངས་པ་ཅན་གྲོང་རྡལ་གྱི་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་དང་རྒུ་རུམ་ཤང་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་རྣམ་གྲངས་ཀྱི་ལས་ཡུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཁམས་བདེར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། མཐོ་གྲང་ཐག་རིང་ས་ཁུལ་གྱི་འབྲོག་པ་མང་ཚོགས་ལ་གྲུམ་བུའི་ནད་སོགས་ས་མཐོའི་དམིགས་བསལ་ནད་ཕོག་པའི་དོན་དངོས་ལ་གཞིགས་ཏེ་རང་སྐྱོང་ལྗོངས་ཀྱིས་ཡངས་པ་ཅན་གྲོང་རྡལ་དུ་ས་མཐོའི་གྲུམ་བུའི་ནད་ཀྱིས་གཙོས་པའི་ས་བབ་མཐོ་བའི་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བའི་མང་ཚོགས་ཀྱི་ས་ཁོངས་སྒྲོལ་བའི་གནས་སྤོ་ཚོད་ལྟའི་ལས་དོན་སྤེལ་ཡོད། ན་ནིང་ནད་ཕོག་པའི་མང་ཚོགས་དེ་གར་སྤོས་རྗེས་སྡོད་མལ་ཁོར་ཡུག་བཟང་པོ་དང་མི་ཆོས་ཀྱི་ཐུགས་ཁུར་ཟབ་མོ་ཐོབ་པས་མང་ཚོགས་ཀྱི་བརྩི་བཀུར་དང་གདེང་འཇོག་བཟང་པོ་ཐོབ་ཡོད། “ནད་ཕོག་པའི་མང་ཚོགས་དྲག་སྐྱེད་ཇི་འདྲ་བྱུང་འདུག་གམ” “ད་དུང་དཀའ་ངལ་ག་རེ་འདུག”ཞེས་པ་སོགས་བཀའ་འདྲི་གནང་གྱིན་ཆེ་དགྲ་ལྷས་སླར་ཡང་གནས་སྤོ་བྱ་ཡུལ་དུ་ཕེབས་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་དང་དེ་དག་གསལ་པོ་ངེས་གནང་བ་མ་ཟད། བཀའ་འདྲི་ཡང་སེ་གནང་བ་རེད། ཆེ་དགྲ་ལྷས་ས་བབ་མཐོ་བའི་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བའི་མང་ཚོགས་རྣམས་ས་ཁོངས་སྒྲོལ་ནས་ཆ་རྐྱེན་ཅུང་ལེགས་པའི་ས་ཆར་སྤོས་པ་དེ་ནི་རང་ལྗོངས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་དེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སླར་ཡང་གསལ་པོ་མཚོན་པ་དང་། ང་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གཞི་ནས་བདེ་སྐྱིད་ཁམས་བདེ་སྔར་ལས་ལྷག་པ་ཡོང་བ་ར་འཕྲོད་གང་ལེགས་བྱུང་ཡོད། ཏང་གི་སྲིད་ཇུས་བཟང་པོས་ཁྱིམ་ཚང་མི་རེ་ངོ་རེར་ཕན་པ་ཐོབ་པ་དང་དེ་དག་དོན་འཁྱོལ་ཡག་པོ་བྱེད་དགོས། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་ཁ་དན་ཚིག་གནས་བྱེད་པ་དང་། (པར་ངོས་བཞི་པར་གཟིགས)

    (པར་ངོས་དང་པོར་མཐུད) ཀྲུང་དབྱང་གི་བླང་བྱ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་གནང་བའི་བྱ་ཐབས་ཇི་མ་ཇི་བཞིན་དང་མགོ་ནས་མཇུག་བར་དོན་འཁྱོལ་ཡག་པོ་བྱས་ཏེ“ཕན་བདེའི་རྙི་རྒྱ”འགོག་པ་དང“གཡང་གཟར་ནུས་འབྲས”མི་ཐོན་པ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ། སྒྲིག་སྲོལ་ལམ་སྲོལ་སྔར་བས་མཐུན་སྦྱོར་བྱེད་པ། སྲིད་ཇུས་དང་བྱ་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱེད་པ་དང་ལྷག་པར་དུ་ནད་བརྟག་སྨན་བཅོས་ཞིབ་འཇུག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ནད་པའི་ན་ཟུག་ཆུང་དུ་གཏོང་དགོས། “བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན”གྱིས་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། དབུལ་སྐྱོར་དང་། བློ་སྟོབས་རོགས་སྐྱོར། རིག་སྟོབས་རོགས་སྐྱོར་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་ཐོན་ལས་རོགས་སྐྱོར་རྣམ་གྲངས་འཆར་འགོད་བྱེད་པ། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་མ་ཟད། དཔེ་མཚོན་ལ་བརྟེན་ནས་ལམ་སྣེ་དྲངས་ཏེ་ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཏོད་ནས་མང་ཚོགས་དབུལ་པོ་རྣམས་ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོའི་སྙེ་མོ་རྫོང་རོང་དམར་ཤང་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་སྒྲོམ་གཞི་ངར་ལྕགས་ལས་གྲུབ་ཅིང་ཡོམ་འགོག་རིམ་པ་བརྒྱད་ལྡན་གྱི་ཁང་པ་གསར་པ་སྟར་པ་རེ་རེ་བྱས་ཏེ་གྲལ་བསྟར་འགྲིག་པོར་གནས་པ་དང་། གྲོང་ཚོ་ཨུ་ལྷན་དང་། ལས་ཤག བུ་བཅོལ་ཁང་སོགས་ཆ་རྐྱེན་འཐུས་སྒོ་ཚང་བ་བཅས་གནས་སྤོའི་གྲོང་གསར་གྱི་རྣམ་པ་རགས་ཙམ་མངོན་ཡོད། ཆེ་དགྲ་ལྷས་ལས་ཡུན་གྱི་འཕེལ་རིམ་ལ་ཁས་ལེན་གནང་ཞིང་། ཁོང་གིས་མང་ཚོགས་ལས་དོན་ཏན་ཏིག་ཞིབ་ཕྲའི་ངང་བསྒྲུབས་ཏེ་མང་ཚོགས་ཀྱི་འདོད་འདུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་དེ་གའི་མི་གསོ་མི་ཐུབ་པའི་ས་ཁུལ་དང་། ས་བབ་ཧ་ཅང་མཐོ་བའི་ས་ཁུལ། སྣོད་བཅུད་ཉམས་ཞན་གྱི་ས་ཁུལ། ཡུལ་ནད་ཐོན་མང་བའི་ས་ཁུལ་བཅས་ཀྱི་མང་ཚོགས་དབུལ་པོ་རྣམས་དངོས་འབྲེལ་གནས་སྤོ་ཐུབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་དགོས་པ། སྔོན་མའི་སྡོད་ཡུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་ཡག་པོ་ཡོང་བ་བྱེད་དགོས། སྤྱི་འདོམས་འཆར་འགོད་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཡུལ་དེའི་ཐོན་ལས་མཉམ་འདྲེས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། གཞན་བརྟེན་ནས་རང་བརྟེན་དུ་སྒྱུར་བ་བཅས་བྱས་ཏེ་རྒྱུན་བསྲིང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་དང་ཏང་གི་དྲོ་སྐྱིད་ཏན་ཏིག་ཚོར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།