[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་ཀྱིས་དུས་ཚིགས་དང་པོའི་བོད་ཀྱི་ནུས་རྒྱུའི་རྣམ་གྲངས་གལ་ཆེན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

    ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-12

    ཚེས་9ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གིས་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་ནུས་རྒྱུའི་རྣམ་གྲངས་གལ་ཆེན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ་རང་སྐྱོང་ལྗོངས་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་2018ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་འཁོར་རྒྱུག་དང་དེ་བཞིན་རྣམ་གྲངས་གལ་ཆེན་གྱི་སྐུལ་སྤེལ་གནས་ཚུལ་ཕྱོགས་སྡོམ་བྱས་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་རྒྱུ་འཕེལ་རྒྱས་ཀྱི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་དང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱ་ཐབས་སུ་བརྩི་བ་བཅས་བྱས་ཏེ་ངོས་འཛིན་མཐོར་གཏོང་ད་ང། གོ་སྐབས་དམ་འཛིན།ཡིད་ཆེས་བརྟན་གཏོང་། དུས་བསྟུན་འཕེལ་རྒྱས་བཅས་ཀྱི་སྒོ་ནས་ནུས་རྒྱུའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་རང་ལྗོངས་ཀྱི་དྭངས་གཙང་རྒྱུའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྗོངས་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཅི་གོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་དྭངས་གཙང་ནུས་རྒྱུ་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད། དྭངས་གཙང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བའི་འཐབ་ཇུས་ཀྱི་དགོས་མཁོ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་ཁ་ཕྱོགས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འཐབ་ཇུས་ཀྱི་གདམ་ག་བཅས་ཡིན། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཡིན་ལ། ལྗོངས་ནང་ཁུལ་དུ་དྭངས་གཙང་ནུས་རྒྱུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང“ནུབ་གློག་ཤར་འདྲེན”རྒྱུན་མཐུད་རྟེན་གཞི་འཛུགས་སྐྲུན་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་རང་ལྗོངས་ཀྱི་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། ཚད་མཐོའི་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་བཅས་ཀྱི་ཐོག་ནས་ལེགས་ཆ་འདོན་སྤེལ་གྱིས་འཕེལ་རྒྱས་དོན་གཉེར་དང་། གོ་སྐབས་དམ་འཛིན་གྱིས་ཞན་ཆ་གསབ་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཡོང་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་གཅིག་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ལྗོངས་ཡོངས་ཀྱི་གློག་དྲའི་གློག་སྒྲོམ་གྱི་གྲུབ་ཆ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། འཆར་འགོད་ཞིབ་འཇུག་གལ་ཆེན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ། ཐོན་ལས་ཚོགས་པ་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྗང་མདོག་དཔལ་འབྱོར་ལྗང་མདོག་ངང་འཕེལ་རྒྱས་ཡོང་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས་པ་དང་། གཉིས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཁྲོམ་རའི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་ནུས་རྒྱུའི་ཁེ་ལས་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས། གསུམ་ནས་སྣོད་བཅུད་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ནུས་ཆེའི་བླང་བྱ་དེ་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་གཏོང་བའི་ཕྱོགས་ཁག་དང་བརྒྱུད་རིམ་ཡོངས་ལ་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས། བཞི་ནས་སྤྱི་འདོམས་མཐུན་སྦྱོར་དང་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་འགན་འཁྲི་ཕྲག་ཏུ་འཁུར་ནས་ཞབས་ཞུ་གནད་ལ་འཁེལ་བ་དང་རྣམ་གྲངས་གལ་ཆེན་དུས་ཐོག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ལྔ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་རྣམ་གྲངས་མཐུན་སྦྱོར་དང་སྐུལ་འདེད་གཏོང་བའི་ལམ་སྲོལ་བཙུགས་ནས་རྣམ་གྲངས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཐོན་པའི་གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་ཡག་པོ་བྱེད་པ་དང་རྣམ་གྲངས་བཀོད་གཏོང་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་ཡོད་ཚན་པ་དང་ཁེ་ལས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།