[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བློ་བཟང་རྒྱལ་མཚན་གྱིས་པེར་ཀྲེམ་གྱི་ཕུའུ་ལཱ་མོང་གསར་པའི་ཏང་གི་གྲོས་མིའི་འཐུས་མི་ཚོགས་པ་དང་བཅས་པར་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    ཚེས་7ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་པེར་ཀྲེམ་གྱི་ཕུའུ་ལཱ་མོང་གསར་པའི་ཏང་གི་གྲོས་མིའི་འཐུས་མི་ཚོགས་པ་དང་བཅས་པར་མཇལ་འཛོམས་གནང་བ་རེད།

    ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་ཀྱི་ཚོགས་གཙོ་ཝུའུ་ཧའེ་ལུང་མཇལ་འཛོམས་ནང་ཞུགས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་འཐུས་མི་ཚོགས་པ་དང་བཅས་པ་ཀྲུང་གོའི་བོད་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་པེར་ཀྲེམ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བ་དང་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། སླད་ཕྱིན་པེར་ཀྲེམ་གྱིས་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་ཧུར་ཐག་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་ཚུལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱིས་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་བཙུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན།  སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རླབས་ཆེན་ལོ་རྒྱུས་འཕེལ་རིམ་བརྒྱུད་ཅིང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དུས་ཐུང་ལོ་བཅུ་ཕྲག་འགའ་ཞིག་ནང་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་བྱུང་བ། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། དམངས་འཚོ་ལེགས་སུ་སོང་བ། སྣོད་བཅུད་ཁོར་ཡུག་རྒྱུན་འཁྱོངས་ལེགས་པོ་བྱུང་བ། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཐོབ་པ། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱུང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་ནས་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་གྲས་སུ་གནས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ལྡན་པ་ལས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐད་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་གདེང་ཚོད་ཀྱིས་ཁེངས་བཞིན་ཡོད་ཅེས་གསུངས་པ་རེད།

    འཐུས་མི་ཚོགས་པའི་ཚོགས་གཙོ་པེར་ཀྲེམ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཚོགས་འོག་མའི་ནང་སྲིད་དང་གཞུང་འགན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝུའེ་ཨོ་མོ་ལུན་གྱིས་འཚམས་འདྲིར་ཡོང་བ་བརྒྱུད། བོད་ལ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་དངོས་སུ་མཐོང་བྱུང་། ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། རིག་གནས་སྲུང་སྐྱོང་སོགས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ང་ཚོར་བག་ཆགས་ཟབ་མོ་བྱུང་། བོད་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད། ཕྱོགས་གཉིས་པོའི་དབར་ཕན་ཚུན་འགྲོ་འོང་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་ཤེས་རྟོགས་བྱེད་ཤུགས་ཆེ་རུ་འགྲོ་བ་དང་། མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བ། སྤེལ་རེས་མཉམ་ལས་དམ་ཟབ་ཡོང་བ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།