[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-01

    ཚེས་28ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་གྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྙན་ཞུ་གསན་ནས་ལྷག་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། 

    ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་གྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཉེ་བའི་དུས་ཚོད་རིང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ལས་འགན་ལ་དམ་པོར་དམིགས་ནས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་སྐུལ་འདེད་ཏན་ཏིག་བཏང་བས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་དགོས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞུང་ལས་ཁང་དང་ལས་དོན་གྱི་ཆེད་སྒྲུབ་སྟོབས་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ཀྱི་བཀོད་གཏོང་རྩིས་ཐོ་དུས་ཐོག་ཏུ་གསར་སྒྱུར་བྱེད་པ་དང་གཟའ་འཁོར་རེའི་སྤྱི་བསྡོམས་བྱེད་ཚུལ་དུས་ཐོག་ཏུ་འགོ་ཁྲིད་ཚོགས་ཆུང་ལ་སྙན་ཞུ་འབུལ་དགོས། དུས་ཐོག་ཏུ་གཞུང་ལས་ཁང་གི་ཚོགས་འདུ་དང་སྡེ་ཚན་མཉམ་ཞུགས་ཚོགས་འདུ་འཚོགས་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་གནད་དོན་དང་དཀའ་ངལ་མཐུན་སྦྱོར་དང་ཐག་གཅོད་བྱས་ནས་གནད་དོན་གལ་ཆེན་འགོ་ཁྲིད་ཚོགས་ཆུང་ལ་ཞིབ་འཇུག་བྱ་རྒྱུར་རེ་ཞུ་ཕུལ་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།